ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2025-01-10 10:28   青海  

གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ1པོའི་ཚེས9ཉིན་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་ཞུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུ་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ1པོའི་ཚེས9ཉིན་ཚོགས་འདུ་འཚོགས་ནས། བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།    
རྒྱལ་ཁབ་སྡོམ་རྩིས་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་ཧྲིལ་བོར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ལོ་གོང་མ་ལས0.2%འཕར་ཡོད་པ་རེད།
འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ལྕགས་ལམ་གྱི་ལས་གཉེར་ལམ་ཐག་སྔོན་དཔག་བྱས་ན་སྤྱི་ལེ་ཁྲི16ལས་བརྒལ་ཡོད།     
ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱི་གྱོང་གུན་དུས་མཚུངས་ལས་སྒོར་དུང་ཕྱུར206ཉུང་དུ་བཏང་ཡོད་ཅིང་། སྤྱིའི་ཆ་ནས་གྱོང་གུན་ཐེབས་པ་ཁེ་བཟང་ལེན་པར་བསྒྱུར་ཐུབ་པ་བྱུང་ཡོད།    
ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་བོད་ལྗོངས་ལ་སྒོར་ཁྲི5000བཏང་ནས་ཡོམ་འགོག་གེགས་སེལ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས།  
ཚེས9ཉིན། བོད་ལྗོངས་དིང་རི་རྫོང་དུ་གནོད་ཁུལ་བཀོད་སྒྲིག་བྱ་ཡུལ224བཙུགས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཁྲི4.75རན་པར་བཀོད་སྒྲིག་བྱས་པ་རེད།     

དམངས་སྲིད་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། རྒྱལ་ཡོངས་སུ་རིགས་སྣ་ཚོགས་ཀྱི་རྒན་གསོའི་སྒྲིག་གཞི་དང་སྒྲིག་ཆས་ཁྲི40.4ལྷག་ཡོད་པ་རེད།

གོ་ལ་ཧྲིལ་པོའི་ཀྲའོ་ཝ(兆瓦)300རིམ་པའི་རླངས་གནོན་ནུས་གསོག་དཔེ་སྟོན་ལས་གྲྭ་ཐོག་མ་སྟེ། “ནུས་གསོག་ཨང་རྟགས་དང་པོ”དེ་ཧུའུ་པེ་དབྱིན་ཁྲེང་དུ་དྲ་སྦྲེལ་གློག་གཏོང་བྱས་པ་རེད།  

སྤྱི་ཚོགས།

ཚེས10ནས་ཚེས12བར། གྲང་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཤིན་ཅང་དང་། ནང་སོག  ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་དེ་བཞིན་མཚོ་བོད་མཐོ་སྒང་གི་ས་ཆ་མང་ཆེ་བ་སོགས་ཀྱི་དྲོད་ཚད4℃ནས8℃མར་ཆག་རྒྱུ་རེད།     
ཚེས9ཉིན། ཆེས་མཐོའི་ཁྲིམས་ཁང་གིས་གྲོང་གསེབ་ཀྱི་ནག་ངན་ཉེས་གསོག་གི་དཔེ་མཚོན5ལ་ཁྲིམས་ལྟར་ཆད་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།     
དམག་འཁྱུར་དམག་མིའི་ལས་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱིས་དམག་འཁྱུར་དམག་མིའི་ལས་ཞུགས་ལས་གནས་གསར་པ་ཁྲི685མཁོ་འདོན་བྱས་པ་རེད།     
སྡེ་ཁག་བདུན་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། 2035ལོར་སླེབས་སྐབས་གྲོང་མིའི་བཟའ་བཅའི་འཛད་སྤྱོད་ནང་གི་འབྲུ་རིགས་ཀྱིས་བཟུང་བའི་བསྡུར་ཚད་མངོན་གསལ་དོད་པོས་མང་དུ་གཏོང་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད།     

ཚེས9ཉིན། ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཟུར་པ་ལི་ཕེང་ཤིན་གྱིས་ལྐོག་རྔན་བླངས་པའི་གྱོད་དོན་གྱི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ་རེད།

རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་ཐོག་མ་སྟེ། “ཨའེ་ཏ·མོ་ཏུའུ་རྟགས་ཅན་”གྱིས་ད་ལོར་ཀྲུང་གོའི་གྲུ་ཁའི་གྲོང་ཁྱེར་དུ་སྐོར་སྐྱོད་བྱ་རྒྱུ་རེད།

ཉེ་ཆར། ཧྲང་ཧའེ་ཡིས་“ཨུ་རུ་སུའི་ཚོང་ཟོག་ཁང”གི་གནད་དོན་ལ་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ། མིག་སྔར་གྱོད་དོན6ཐོ་འགོད་བྱས་ཡོད།

ཨན་ཧུའེ་ཧོའེ་ནན་ཝུའུ་ཝང་ཏུན་གྱི་བང་སོ་དང་པོའི་ཕྱི་རོལ་གྱི་གནའ་རྫས་རྟོག་ཞིབ་ལས་དོན་མཇུག་སྒྲིལ་ཞིང་། རིག་དངོས་ཁྲི1ལྷག་ཙམ་སྔོག་འདོན་བྱས་པ་དང་། བང་སོའི་བདག་པོ་ནི་ཁྲུའུ་ཁའོ་ལེ་ཝང(楚考烈王)ཡིན་པ་གཞི་རྩའི་ཐོག་ནས་གཏན་འཁེལ་བྱས།
ཧུའུ་ནན་ལོའུ་ཏིའི་བུ་མོ་ཆུང་ཆུང་ཞིག་ལམ་ནང་དུ་རྒྱུག་པ་ན་རླངས་འཁོར་དང་ཁ་ཐུག་རྒྱག་ལ་ཁད་བྱས། ལམ་ཁའི་དམག་འཁྱུར་དམག་མི་ལི་ཡིས་མགྱོགས་མྱུར་ངང་བུ་མོ་ཆུང་ཆུང་དེ་ཕྱིར་འཐེན་པས་དོན་རྐྱེན་ལས་གཡོལ་ཐུབ་པ་བྱུང་།

སྲིད་ཇུས།

པེ་ཅིང་གིས་མཐོ་སློབ་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཁ་ཕྱོགས་ནས་ཚོད་ལྟ་ཁང་སོགས་ཚན་རྩལ་ཐོན་ཁུངས་སྒོ་འབྱེད་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་དང་མཉམ་དུ་ཚན་རིག་སློབ་གསོའི་རྟེན་གཞི་འཛུགས་རྒྱུར་སྐུལ་མ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།     
ཧྲང་ཧའེ་ཡིས་སློབ་གྲྭའི་རླངས་འཁོར་ཁ་ལོ་བར་ཆང་འཐུང་རྗེས་རླངས་འཁོར་བསྐོར་བའམ་ཡང་ན་བཟི་རྗེས་རླངས་འཁོར་བསྐོར་བའི་ཟིན་ཐོ་ཡོད་མི་རུང་བའི་བླང་བྱ་བཏོན།     
སི་ཁྲོན་གྱི་གཏན་འབེབས་ལྟར་ན། དྲ་ཐོག་ཏུ་ཞུགས་པའི་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་དངོས་གཞིའི་གཉེར་སྐྱོང་ཚོང་ཁང་ཡོད་དགོས་པ་མ་ཟད།    ཁྲིམས་ལྟར་བཟའ་བཅའི་གཉེར་སྐྱོང་ཆོག་མཆན་ནམ་ཐོ་འགོད་ལག་ཁྱེར་ལེན་དགོས།

དེ་རིང་གི་གནམ་གཤིས།

ཤིན་ཅང་གི་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀན་སུའུ། མཚོ་སྔོན་གྱི་དབུས་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། མཚོ་སྔོན་གྱི་དབུས་རྒྱུད་དང་ཀན་སུའུ་ཡི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་འཁེངས་ཆར(冻雨)འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་ས། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད་དང་ཀོང་ཞིའི་ནུབ་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章