ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2025-01-09 10:22   青海  

གསར་འགྱུར་གལ་ཆེན།

ཚེས8ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ནོར་སྲིད་པུས་ཡིག་ཆ་བསྒྲགས་ནས་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བར་རྒྱབ་སྐྱོར་ཡག་པོ་བྱས་ཡོད། དེའི་ནང་། མི་སྒེར་གྱི་འཛད་སྤྱོད་པས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་རིགས་གསུམ་ཉོ་སྐབས། ཐོན་རྫས་ཕྱིར་འཚོང་རིན་གོང་གི15%ལྟར་ཁ་གསབ་སྤྲོད་ཀྱི་རེད།
ནོར་སྲིད་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས2025ལོའི་འཛད་སྤྱོད་དངོས་རྫས་རྙིང་བ་ནས་གསར་དུ་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར810སྔོན་ལ་མཁོ་སྤྲོད་བྱས་ཡོད།
ཚེས8ཉིན།  བོད་ལྗོངས་དིང་རི་རྫོང་དུ“1.07”ས་ཡོམ་བརྒྱབ་རྗེས། འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གནོད་ཐེབས་བསྐྱར་སྐྲུན་ལ་བསྒྱུར་ཡོད།    
ད་ལོ། དཔྱིད་གསར་དུས་ཆེན་གྱི་མང་ཚོགས་འགྲོ་སྐྱོད་བྱེད་པའི་གཞི་ཁྱོན་སྔར་བས་མང་དུ་ཕྱིན་པ་དང་སྔོན་དཔག་བྱས་ན། རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་ལྟར་འགྲུལ་པའི་མེ་འཁོར་ཁྲི1.4ལྷག་ཙམ་བཀོད་སྒྲིག་བྱས་པ་དང་འགྲུལ་པ་སྡོད་པའི་ནུས་པ་དུས་མཚུངས་ལས4%ཙམ་འཕར་སྣོན་བྱུང་།    
རང་རྒྱལ་གྱི་ལི་གཏེར་གྱི་གཏེར་འཚོལ་ཐད་ཚད་བརྒལ་ཆེན་པོ་ཐོབ་པ་སྟེ།    ལི་གཏེར་གྱི་གསོག་ཚད་ཀྱིས་གོ་ལ་ཧྲིལ་པོར་བཟུང་བའི་བསྡུར་ཚད6%ནས16.5%བར་མཐོ་རུ་ཕྱིན་པ་དང་། ཨང་རིམ་ཨང་དྲུག་པ་ནས་ཨང་གཉིས་པར་འཕར་བ་རེད།    
རྒྱལ་ཁབ་སྦྲག་སྲིད་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན།    2024ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར1745ཡིན་པ་དང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1.4ཡིན་པ་དེ། དུས་མཚུངས་ལས་སོ་སོར21%དང13%འཕར་སྣོན་བྱུང་།  


ཚེས8ཉིན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མཁའ་སྐྱོད་རུ་ཁག་གི་ཡེ་ཀོང་ཧྥུ་དང་ལི་ཚུང་། ལི་ཀོང་སུའུ་བཅས་བར་སྣང་ནས་ཕྱིར་ལོག་རྗེས་ཐོག་མར་མི་མང་གི་མིག་ལམ་དུ་མངོན་པ་རེད།

ཟླ་བའི་ལྷ་མོ་བདུན་པ་སང་ལོར་འཕེན་གཏོང་བྱེད་རྩིས་ཡོད་པ་དང་། ཟླ་བའི་གོ་ལའི་ལྷོ་སྣེ་རུ་ཆུ་འཁྱགས་ཡོད་པའི་དཔང་རྟགས་འཚོལ་རྒྱུ་རེད།     

ཚེས8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན།    བོད་ལྗོངས་དིང་རི་རྫོང་དུ“1.07”ས་ཡོམ་བརྒྱབ་རྗེས། ཨུ་རུ་སུ་དང་། ཕ་ཁི་སི་ཐན། བལ་བོ་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོ་ཞིག་གིས་ཀྲུང་གོའི་ཕྱོགས་ལ་འཚམས་འདྲི་གནང་། 

སྤྱི་ཚོགས། 
“དགུ་གསུམ་པར”སླེབས་དུས། གྲང་ངར་གིས་རང་རྒྱལ་ལ་མུ་མཐུད་དུ་ཤུགས་རྐྱེན་ཐེབས་ཤིང་། ལྷོ་ཕྱོགས་ལ་ཁངས་ཆག་འབབ་པའི་ལྟེ་བའི་དུས་མཚམས་སུ་སླེབས་ཤིང་། ཀུའེ་ཀྲོའུ་དང་ཧུའུ་ནན་ས་ཁུལ་ཁ་ཤས་སུ་ཁངས་ཆར་འབབ་རྒྱུ་རེད།     
ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཆུང་ཀྲོའུ་མཚོ་འགག་འགྲུལ་སྐྱེལ་ལ་ནུས་རྒྱུ་གསར་པའི་རླངས་འཁོར་ཆེད་སྤྱོད་སྐྱེལ་འདྲེན་གྲུ་གཟིངས2གསར་དུ་གཏོང་རྒྱུ་ཡིན་པ་དང་། མཐོ་རིམ་དུས་སུ་ཉིན་རེར་ནུས་རྒྱུ་གསར་པའི་རླངས་འཁོར3500རྒྱ་མཚོ་བརྒལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།    
“ཤིན་ཅང་གི་གློག་ཁྲུང་ཆིང་དུ་སྐྱེལ་བའི”མཐོ་གནོན་དམིགས་བསལ་ལས་གྲྭའི་ཁྲུང་ཆིང་དུམ་བུ་ལམ་ཐིག་ཧྲིལ་པོར་སྦྲེལ་ཐུབ་པ་དང་། ལས་གྲྭ་སྤྱོད་མགོ་བརྩམས་རྗེས། ལོ་ལྟར་ཁྲུང་ཆིང་ལ་གློག་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར360སྐྱེལ་ཐུབ།     
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རིན་གཞོན་པ་ཀྲང་ཤིའུ་ལུང་གི་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་ནས་ཀྲང་ཤིའུ་ལུང་ལ་དུས་བཙོན་ལོ13གྱི་ཁྲིམས་ཐག་བཅད་པ་རེད།    

རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་སོགས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག་བསམ་འཆར་དཔར་འགྲེམ་བྱས་ཏེ།  “གོང་གི་གློག་རྡུལ་ཐ་མག”གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད།  

ཚེས8ཉིན། 2025ལོའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མགོ་རྩོམ་པའི་ལྡོག་རྩིས་ཉིན30པ་བསུས། གྲ་སྒྲིག་ལས་དོན་དེ་གནད་འགག་ཏུ་སླེབས་ཤིང་། འགྲན་བསྡུར་གྱི་སྤ་སེ་གཟའ་འཁོར་འདིའི་གཟའ་སྤེན་པ་ནས་འཚོང་རྒྱུ་ཡིན་པ་རེད།     

དྲོད་ཚད་མར་ཆག་པ་དང་ཆབས་ཅིག  པེ་ཅིང་སློབ་ཆེན་དང་པེ་ཅིང་འཛུགས་སྐྲུན་སློབ་ཆེན་གྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སློབ་གྲྭ་དེའི་ཕྱི་རོལ་གྱི་འཁྱགས་ར་སྒོ་འབྱེད་རྩིས་ཡོད་པ་རེད།     
ཀོང་ཏུང་མཚོ་འགྲམ་ཉེན་རྟོག་པས་མཚོ་ཐོག་ཏུ་ཐོན་རྫས་ལྐོག་འདྲེན་ཚོགས་ཁག་མང་པོ་མེད་པ་བཟོས་པ་དང་། ལྐོག་འདྲེན་གྲུ་གཟིངས6ཞིབ་བཤེར་བཀག་ཉར་བྱས་པ་དང་གྱོད་གཞིའི་རིན་ཐང་མི་དམངས་སྒོར་དུང་ཕྱུར2ཙམ་ཡོད་པ་རེད།     
ཚེས8ཉིན། ཐེ་འབར་མཐའ་མཚམས་ཉེན་རྟོག་ཕྱོགས་ཀྱིས་ཐེ་ཀུའོ་དང་འབར་མའི་མཐའ་མཚམས་སུ་འབྲེལ་གཏུག་ཤོར་བའི་ཀྲུང་གོ་ནས་སྐྱེས་པའི་འཁྲབ་སྟོན་པ་ཝང་ཞིན་ནི་མི་འདྲེན་འཚོང་གི་གནོད་འཚེ་ཕོག་མཁན་ཡིན་པས། ཀྲུང་གོར་སྐྱེལ་རྒྱུ་ཡིན་པ་གཏན་འཁེལ་བྱས་པ་རེད། 
ཉེ་ཆར། རྒྱལ་ནང་གི་ཆུ་སྲིན་རིགས་ཀྱི་ཞིབ་འཇུག་རིགས་གཅིག་མཁས་ཅན་གྱིས་ཀོང་ཞི་པེ་ཧའེ་གྲོང་ཁྱེར་ཝུའེ་ཀྲོའུ་གླིང་ཕྲན་མཚོ་ཁོངས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཏེ་པུའུ་ཧྲི་ཆུ་སྲིན་དབྱེ་འབྱེད་བྱས་པ70ལས་བརྒལ་ཡོད་པ་གཏན་འཁེལ་བྱས་པ་རེད།    

སྲིད་ཇུས།

ཐེན་ཅིན་གྱིས་སྤྱི་པའི་ཁང་གླ་སྒྲིག་སྲོལ་གསར་པ་གཏན་འབེབས་ཁྱབ་བསྒྲགས་བྱས་པ་ནས། སྤྱི་པའི་ཁང་གླ་ཐོ་འགོད་དང་བོགས་གཏོང་བྱེད་པ་དེ་ད་ལྟ་སྤྱོད་བཞིན་པའི་སྐབས་བསྟུན་ཨང་རྟགས་རྒྱག་པའི་རྣམ་པའི་རྨང་གཞིའི་ཐོག་རེས་འཁོར་སྒུག་སྟངས་མང་དུ་བཏང་ནས་ཟླ་རྗེས་མ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།    
ཧྲན་ཏུང་གིས་ཁེ་ལས་ཀྱི་ལོ་དངུལ་སྲིད་ཇུས་གསར་པ་བཏོན་ནས་ཤེས་ལྡན་མི་སྣའི་ལོ་དངུལ་ལག་བསྟར་བྱེད་པའི་ཁྱབ་ཁོངས་ཞིང་ཆེན་ཡོངས་སུ་རྒྱ་སྐྱེད་བཏང་ཡོད།    

ཡུན་ནན་གྱིས་དོ་དམ་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས་འཛུགས་སྐྲུན་གད་སྙིགས་དངོས་རྫས་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་སྔོན་ལ་བེད་སྤྱོད་བྱེད་དགོས་པ་ཁ་གསལ་བཟོས་ཡོད།   

དེ་རིང་གི་གནམ་གཤིས།

ཤིན་ཅང་བྱང་རྒྱུད་མང་ཆེ་བ་དང་ཤིན་ཅང་ལྷོ་རྒྱུད་གཤོང་སའི་བྱང་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་མཐོ་སྒང་། ཡུན་ནན་བྱང་ཤར་རྒྱུད་དང་། ཀུའེ་ཀྲོའུ་དབུས་རྒྱུད་དང་བྱང་རྒྱུད། ཁྲུང་ཆིང་ཤར་ལྷོ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་དབུས་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་དབུས་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་དབུས་ལྷོ་རྒྱུད་དང་། ཡུན་ནན་ཤར་རྒྱུད་དང་ཀོང་ཞིའི་ནུབ་རྒྱུད་དང་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད།  

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章