“མགོ་ཁྲིད་རྫུན་མ”ལ་གཟབ་པའི་བྲེལ་མྱུར་ཉེན་བརྡ།

政务   2025-01-06 17:25   青海  

“མགོ་ཁྲིད་ལ་བརྫུས་པའི”རིགས་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་བྲེལ་མྱུར་ཉེན་བརྡ།


ཉེ་ཆར། རྒྱལ་ཡོངས་སུ་མགོ་ཁྲིད་དང་ངོ་ཤེས་ལ་བརྫུས་ཏེ་མགོ་གཡོག་མགོ་སྐོར་གཏོང་བའི་གྱོད་དོན་མང་པོ་བྱུང་དང་འབྱུང་བཞིན་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་འདུ་ཤེས་མཐོར་འདེགས་གཏོང་དགོས། ཕ་རོལ་པས་རང་ཉིད་མགོ་ཁྲིད་དམ་ཡང་ན་ངོ་ཤེས་ཡིན་ཁུལ་གྱིས་སྐད་འཕྲིན་སྦྲེལ་རྒྱུའི་རེ་བ་བཏོན་པ་ན། ངེས་པར་གོམ་གང་མདུན་སྤོས་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱ་དགོས་ཤིང་། གལ་ཏེ་ཕ་རོལ་བས་སྒོར་མོ་བསྐུར་བའམ་སྒོར་མོ་བསྐྱི་རྒྱུའི་རེ་བ་བཏོན་ཚེ། ངེས་པར་ཐབས་ལམ་གཞན་བརྒྱུད་ནས་དབྱེ་འབྱེད་དང་ཞིབ་དཔྱད་བྱས་ཏེ་རང་ཉིད་ལ་མགོ་སྐོར་མི་ཐེབས་པར་བྱ་དགོས།
ཉེན་རྟོག་པའི་དྲན་སྐུལ།
གཅིག རང་འགུལ་གྱིས་གྲོགས་པོར་སྦྲེལ་དགོས། མགོ་སྐོར་གཏོང་མཁན་གྱིས་ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད་དེ་གནོད་འཚེ་ཕོག་མཁན་གྱི་ཁ་པར་ཨང་གྲངས་དང་མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་ཐོབ་རྗེས། རང་ཉིད་མགོ་ཁྲིད་ཡིན་པར་བཤད་ནས་འཕྲིན་ཐུང་བསྐུར་ནས་གནོད་འཚེ་ཕོག་མཁན་གྱིQQདང་ཡང་ན་སྐད་འཕྲིན་གྱི་གྲོགས་པོར་སྦྲེལ་བཞིན་མཆིས། དྲ་ལམ་དུ་ཐབས་ལམ་སྣ་ཚོགས་བཀོལ་ནས་མགོ་ཁྲིད་ཀྱི་སྐད་འཕྲིན་མགོ་པར་འདྲ་བཟོ་བྱས་ནས་གྲོགས་པོར་སྦྲེལ་བཞིན་ཡོད་པས་རང་འགུལ་གྱིས་གྲོགས་པོར་སྦྲེལ་དགོས། 
གཉིས། གཞན་དང་བར་ཐག་བཟུང་ནས་དོགས་ཟོན་བྱ་དགོས། གྲོགས་པོར་སྦྲེལ་རྗེས་མགོ་སྐོར་གཏོང་མཁན་གྱིསQQདང་ཡང་ན་སྐད་འཕྲིན་སོགས་འབྲེལ་འདྲིས་ཀྱི་ལག་ཆ་སྤྱད་ནས། གནོད་འཚེ་ཕོག་མཁན་ལ་བྱ་བ་དང་འཚོ་བ་གླེང་མོལ་བྱེད་པ་དང་། རང་འགུལ་གྱིས་ཐུགས་ཁུར་བྱས་ནས་གནོད་འཚེ་ཕོག་མཁན་གྱི་དོགས་ཟོན་ཇེ་ཆུང་དུ་བཏང་ནས་ཡིད་ཆེས་ཐོབ་ཐབས་བྱེད་ཀྱིན་ཡོད་པས་མཉམ་འཇོག་བྱ་དགོས། 
གསུམ། སྒོར་མོ་བསྐུར་དགོས་པའི་རེ་བ་འདོན་པ། གནོད་འཚེ་ཕོག་མཁན་གྱི་ཡིད་ཆེས་ཐོབ་རྗེས། མགོ་སྐོར་གཏོང་མཁན་གྱིས་གནས་ལུགས་དང་རྒྱུ་མཚན་སྣ་ཚོགས་བཤད་ནས་རང་གི་མིང་ཐོག་ནས་སྒོར་མོ་བསྐུར་བར་སྟབས་བདེ་མིན་པར་བཤད་ནས་དུས་ཡུན་ཐུང་ངུའི་ནང་མྱུར་བ་མྱུར་དུ་གཞན་ལ་སྒོར་མོ་བསྐུར་དགོས་ཤིང་། དེའི་ཐད་ནས་གསང་སྲུང་ནན་མོ་བྱ་དགོས་པའི་རེ་བ་འདོན་སྲིད། 
བཞི། གནོད་འཚེ་ཕོག་མཁན་ལ་སྒོར་མོ་བསྐུར་བའི་འདྲ་པར་རྫུན་བཟོ་བྱས་ནས་བསྐུར་བ། ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་བ་དང་འབྲེལ“དངུལ་ཁང་གཞན་ནས་སྒོར་མོ་བསྐུར་ན་ནར་འགྱངས་བྱེད་པ”སོགས་རྒྱུ་མཚན་དུ་བཤད་ནས། གནོད་འཚེ་ཕོག་མཁན་ལ་སྒོར་མོ་བསྐུར་བ་མ་འབྱོར་བའི་དོགས་འདྲི་བྱས་ནས། སྒོར་མོ་བཀོལ་བར་བྲེལ་འཚུབ་ཆེ་བ་སོགས་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པའི་རྣམ་པ་བཟོས་ནས་གནོད་འཚེ་ཕོག་མཁན་ལ་སྒོར་མོ་བསྐུར་དུ་འཇུག་སྲིད།
ཉེན་རྟོག་པའི་གསལ་འདེབས།
རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་གྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། མགོ་ཁྲིད་ཀྱི་ཐོབ་ཐང་སྤྱད་ནས་སྐད་འཕྲིན་སྦྲེལ་ཏེ་སྒོར་མོ་བསྐུར་དགོས་པའི་གནས་ཚུལ་དང་འཕྲད་ཚེ་ཁ་པར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཕ་རོལ་བའི་ཐོབ་ཐང་གསལ་པོར་འདྲི་དགོས་ལ། སྦྲེལ་སྣེ་སོགས་སྤྱད་ནས་སྒོར་མོ་བསྐུར་བར་དོགས་ཟོན་ནན་མོ་བྱ་དགོས། གལ་སྲིད་མགོ་སྐོར་བཏང་བ་ཤེས་ཚེ་དུས་ཐོག་ཏུ་གྱོད་དོན་སྙན་སེང་ཞུ་དགོས། 
མཚོ་སྔོན་ཞིང་ཆེན་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་ལྟེ་གནས་ནས། 
2025ལོའི་ཟླ1པོའི་ཚེས4ཉིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章