ཚེས9ཉིན་གྱི་ཉིན་མོར། ཁུལ་ཡོངས་ལ་སྤྲིན་མང་རྒྱུ་རེད།
ཚེས9ཉིན་གྱི་མཚན་མོ་ནས་ཚེས10ཉིན་གྱི་ཉིན་མོའི་བར། འཇུ་ལག་ལ་ཁ་བ་འབྲིང་ཙམ་འབབ་པ་དང་ས་ཁུལ་གཞན་དག་ཏུ་ཁ་བ་ཆུང་ཙམ་འབབ་རྒྱུ་རེད། ཚེས10ཉིན་དྲོད་ཚད་མཐོ་ཤོས4~6℃མར་ཆག་པ་དང་ས་ཆ་ཁ་ཤས་སུ8℃ཡན་ལ་མར་ཆག་རྒྱུ་རེད། ཚེས10ཉིན་གྱི་ཕྱི་དྲོར་མདའ་བཞི་དང་རྐང་ཚའི་ས་ཁུལ་ལ་རིམ་པ6ནས7བར་གྱི་རླུང་གཡུག་རྒྱུ་ཡིན་ཞིང་རིམ་པ8ཡན་གྱི་ཐོལ་རླུང་གཡུག་རྒྱུ་རེད།
ཚེས10ཉིན་གྱི་མཚན་མོ་ནས་ཚེས11ཉིན་བར། ཁུལ་ཡོངས་ལ་གནམ་ཐང་རྒྱུ་རེད། ཚེས11ཉིན་གྱི་ཞོགས་པར་ཁུལ་ཡོངས་ཀྱི་དྲོད་ཚད་དམའ་ཤོས4~6℃མར་ཆག་པ་དང་ས་ཆ་ཁ་ཤས་སུ8℃ཡན་མར་ཆག་རྒྱུ་རེད།
1.སྤྱི་དམངས་ཕྱིར་སྐྱོད་བྱེད་པ། གྲང་ངར་ཆེ་བའི་མཁའ་རླུང་གིས་དབུགས་ལམ་གྱི་ཁྲག་རྩ་འཁུམ་འདུ་དང་འཁོར་རྒྱུན་ཇེ་ཉུང་དུ་ཕྱིན་ནས་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བས། སྤྱི་དམངས་ཕྱི་ལ་འགྲོ་རྒྱུ་ཉུང་དུ་གཏོང་བ་དང་ཕྱི་རོལ་ལ་འགྲོ་སྐབས་ཁ་ཐུབ་བརྒྱབ་ནས་གོན་པ་མཐུག་པོ་གོན་རྒྱུ་གལ།
2.ཞིང་ཕྱུགས་ལས་ཀྱི་འགོག་སྲུང་། ཞིང་ལས་དང་ཕྱུགས་ལས་སོགས་ཀྱིས་ཧུར་ཐག་སྒོས་གྲང་འཁྱག་སྔོན་འགོག་བྱས་ནས་གྱོང་གུན་ཉུང་དུ་གཏོང་དགོས།
3.རླུང་འགོག་བྱ་བ། སྲ་གཟུགས་པང་ལེབ་དང་སྒྲོམ་སྟེགས། བརྡ་ཁྱབ་བྱང་བུ་སོགས་རླུང་ཆེན་གྱིས་གཡུག་སླ་བའི་བཟོ་སྐྲུན་དངོས་པོ་སྲ་བརྟན་དུ་གཏོང་རྒྱུར་དོ་སྣང་བྱེད་དགོས་པ་དང་ཕྱི་རོལ་གྱི་དངོས་རྫས་འོས་འཚམ་སྒོས་འཇོག་དགོས།
4.འགྲིམ་འགྲུལ་བདེ་འཇགས། དྲོད་ཚད་དམའ་བ་དང་ཆར་དང་ཁ་བའི་གནམ་གཤིས་ཀྱིས་མཐོང་ཚད་ཇེ་དམའ་རུ་འགྲོ་བ། བགྲོད་ལམ་འཁྱགས་དར་ཡིན་པ་སོགས་ཀྱིས་ཐག་རིང་ལ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས། རླངས་འཁོར་བསྐོར་ནས་ཕྱི་ལ་འགྲོ་དགོས་ན་སྔོན་ལ་རླངས་འཁོར་ལ་ཞིབ་བཤེར་བྱེད་དགོས་པར་མ་ཟད་མྱུར་ཚད་ཇེ་དལ་དང་བར་ཐག་ཚོད་འཛིན། མཇུག་གློག་འཆར་བ་བཅས་ལ་དོ་སྣང་བྱེད་དགོས།
5.ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱེད་པ། ནུས་ཁུངས་མཁོ་སྤྲོད་དང་སྒྲིག་ཆས་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་ཐོག་ཏུ་གློག་ཤུགས་དང་རང་བྱུང་སོལ་རླངས་མཁོ་སྤྲོད་མང་དུ་གཏོང་བ། བདེ་འཇགས་དང་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།
海北州重要天气预报
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州气象台
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原者所有,如有侵权请立即与我们联系