མཚོ་སྔོན་གྱིས་སྒོར་ཁྲི1300ལྷག་གི་དངོས་པོས་དིང་རི་ལ་རོཊ་སྐྱོར་བྱས

政务   2025-01-09 09:17   青海  

མཚོ་སྔོན་གྱིས་སྒོར་ཁྲི1300ལྷག་གི་རྒུད་སྐྱོབ་དངོས་རྫས་ཀྱིས་བོད་ལྗོངས་དིང་རི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས།

ཟླ1པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་སྟེང་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་མཐོ་སྒང་གྲང་ངར་ཆེ་བའི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བྱས་ནས་སྟབས་བདེ་ཁང་པ1000དང་ལྟེབ་བརྩེགས་ཉལ་ཁྲི3000། དྲོད་ལེན་ཐབ་ཀ300སོགས་རིན་ཐང་སྒོར་ཁྲི1300ལྷག་ཙམ་གྱི་རྒུད་སྐྱོབ་དངོས་རྫས་འཕྲལ་མར་གཏོང་སྤྲོད་བྱས་ཏེ། ཟླ1པོའི་ཚེས8ཉིན་གྱི་ཆུ་ཚོད12ཙམ་གྱི་སྟེང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་སོགས་སོ་སོ་ནས་ལམ་ལ་ཆས་ཤིང་། སྔོན་དཔག་བྱས་ན་ཆུ་ཚོད་30རྗེས་ནས་གཅིག་རྗེས་གཉིས་མཐུད་ངང་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་འབྱོར་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་གནོད་འཚེ་གྱོད་གུན་ཞིབ་བཤེར་དཔྱད་དཔོག་ལས་སྒོའི་ནུས་པ་མི་འདང་བའི་གནད་དོན་ལ་དམིགས་ནས་གནོད་འཚེ་གྱོད་གུན་དཔྱད་དཔོག་ཆེད་ལས་ལག་རྩལ་རྐང་འཛིན་པ3ས་ཡོམ་གྱི་འཐབ་ས་དང་པོར་མངགས་གཏོང་བྱས་ཏེ་གནོད་ཁུལ་གྱི་གནོད་འཚེའི་གྱོད་གུན་ཞིབ་བཤེར་དཔྱད་དཔོག་བྱ་བར་རྒྱབ་སྐྱོར་བྱས།
མཚོ་སྔོན་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཡོམ་ཁུལ་གྱི་གནོད་འཚེའི་གནས་ཚུལ་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ཏེ། བོད་ལྗོངས་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་མངའ་ཁོངས་བརྒལ་བའི་ཡོམ་འགོག་རྒུད་སྐྱོབ་ཀྱི་རོགས་སྐྱོར་གྲ་སྒྲིག་ཡག་པོ་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

文来源/青海日报 责编/彭毛才旦

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章