ཀྲུང་དབྱང་རྩ་འཛུགས་པུས་ཚབ་གཉེར་བྱས་པའི་ཀྲུང་དབྱང་དོ་དམ་ཏང་དངུལ་ཁྲོད་སྒོར་ཁྲི5000བཏང་ནས་བོད་ལྗོངས་ཀྱི་ཡོམ་འགོག་རྒུད་སྐྱོབ་ཐད་རོགས་སྐྱོར་བྱས།
ཀྲུང་དབྱང་རྩ་འཛུགས་པུས་གནོད་ཐེབས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་སྣ་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་པའི་མི་སྣར་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་ནས་ཚད་ཆེན་པོ་སྒོ་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་གནས་སྤོ་བཀོད་སྒྲིག རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་སེམས་གསོ་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས་དགུན་ཁ་བདེ་འཇགས་དང་དྲོ་སྐྱིད་ངང་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། གནོད་ཐེབས་ས་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ་ཡོམ་འགོག་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོའི་ནང་འགྲོ་དགོས་པ་དང་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་གནས་དང་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་གནས་སུ་ཕྱིན་ནས་མདུན་གྲལ་དུ་གདོང་མཆོང་བྱེད་པ་དང་དཀའ་ངལ་དང་ཉེན་ཁ་ཆེ་བའི་གནས་སུ་འབད་འཐབ་བྱས་ཏེ་གནོད་ཐེབས་ས་ཁུལ་གྱི་མི་དམངས་དང་ཉེ་བར་བཅར་དགོས། ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་སྐུལ་སློང་དང་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་ཁྲོད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་དོ་སྣང་བྱེད་པ་དང་། གཞི་རིམ་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་ཤེས་རྟོགས་དང་དྲིལ་སྒྲོག་བྱ་རྒྱུར་དོ་སྣང་བྱས་ཏེ་ཡོམ་འགོག་རྒུད་སྐྱོབ་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།
ཀྲུང་དབྱང་རྩ་འཛུགས་པུས་ཏང་དངུལ་དེ་དུས་ཐོག་ཏུ་གནོད་ཐེབས་ས་ཁུལ་གྱི་གཞི་རིམ་ལ་གཏོང་སྤྲོད་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས། གཙོ་བོ་ཡོམ་འགོག་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་པའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེ་ཚབས་ཆེ་བའི་དབང་གིས་འཚོ་བའི་དཀའ་ངལ་ལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ། གནོད་འཚེ་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོ་བྱེད་པར་ཁ་གསབ་སྤྲོད་དགོས་པ་ནན་གྱིས་བསྟན།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/新华社
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原者所有,如有侵权请立即与我们联系