ཚེ་བརྟན་གྱི་རིག་གནས་རྒྱུན་འཛིན་དང་ཕུགས་འདུན་དོན་གཉེར་གྱི་ལམ་བུ།

政务   2025-01-11 16:49   青海  

ཚེ་བརྟན་གྱི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུ།

«ཨ་ཕའི་གྲི»ཞེས་པ་ནི་མི་རིགས་རིག་གནས་ཀྱི་བརྗོད་བྱ་གཙོར་བཟུང་བའི་བརྩེ་སེམས་མཚོན་པའི་གློག་བརྙན་ཞིག་ཡིན་པ་དང་། 2025ལོའི་ཟླ1པོའི་ཟླ་དཀྱིལ་དུ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་གཏོང་རྩིས་ཡོད་པ་རེད།

གློག་བརྙན་དེའི་ནང་བོད་གྲི་ཞིག་ལ་བརྟེན་ནས་བོད་རིགས་ཁྱིམ་ཚང་ཞིག་གི་སྲོལ་རྒྱུན་དང་དེང་རབས་ཀྱི་འདུ་ཤེས་གདོང་གཏུགས་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་ལ། ཨ་ཕས་བོད་གྲི་བཟོ་བའི་ལག་རྩལ་དང་གྲི་རྩལ་བརྟན་སྲུང་བྱས་ཏེ་ཁྱིམ་རྒྱུད་རྒྱུན་འཛིན་གྱི་མཚོན་རྟགས་སུ་བརྩིས་མོད། འོན་ཀྱང་བུ་ཡིས་ཕྱི་རོལ་གྱི་འཇིག་རྟེན་ནམ་དེང་རབས་ཀྱི་ལམ་བུ་ཞིག་ལ་རེ་བ་བྱེད་ཀྱི་ཡོད་པས། གཉེན་ཉེའི་བརྩེ་དུང་དང་། ཕུགས་བསམ། རིག་གནས་རྒྱུན་འཛིན་བཅས་སྐོར་གྱི་མི་སེམས་འགུལ་བའི་གནས་ཚུལ་རབ་དང་རིམ་པ་བྱུང་བ་རེད།

གློག་བརྙན་དེའི་ནང་བུ་བཀྲ་དབང་འཁྲབ་མཁན་ནི་གསར་སྐྱེས་བོད་རིགས་འཁྲབ་སྟོན་པ་ཚེ་བརྟན་ཡིན། ཚེ་བརྟན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བས། ཁོང་ལ་ཕ་ཡུལ་གྱི་གངས་རི་དང་མཚེའུ། འཆར་ཡན་གྱིས་ཕྱུག་པའི་རྩྭ་ཐང་གི་འཚོ་བ་དང་། དམངས་སྲོལ་རིག་གནས་སོགས་འཚོ་བའི་ཁྲོད་ཀྱི་སྒྱུ་རྩལ་གྱི་འཆར་སྣང་སྣ་ཚོགས་ཀྱིས་བག་ཆགས་དམིགས་བསལ་བ་བཞག་ཡོད་ལ། རྩྭ་ཐང་དུ་རྒྱུན་པར་མཐོང་ཐུབ་པའི་རྟ་རྒྱུག་མདའ་འཕེན་དང་གླུ་གར་རྩེད་འཇོ་སོགས་ཀྱིས་ཁོང་གི་སེམས་སུ་དྲན་ཤིང་ཟབ་མོ་ཞིག་བཞག་ཡོད་པའང་བསྙོན་དུ་མེད།

དེའི་ཕྱིར། ཁོང་བློ་བརྟན་འགྱུར་མེད་ཀྱིས་པེ་ཅིན་དུ་ཕྱིན་ནས་གློག་བརྙན་གྱི་ཤེས་བྱ་སློབ་སྦྱོང་བྱས་ཤིང་། མཐོ་སྒང་རྩྭ་ཐང་གི་འཚོ་བར་གོམས་པས་ཁོ་རང་ཐོག་མར་འདུ་འཛི་ཆེ་བའི་པེ་ཅིང་གྲོང་ཁྱེར་དུ་འབྱོར་སྐབས་དཀའ་ཁག་གང་མང་ཞིག་དང་འཕྲད་སྲིད་པ་སྨྲོས་མེད་ཡིན་མོད། འོན་ཀྱང་བློ་རྩ་བརྟན་པོ་དང་དམིགས་ཡུལ་གསལ་བའི་སློབ་སྦྱོང་། འཚོ་བའི་ཁྲོད་རྒྱུན་ཆད་མེད་པར་གློག་བརྙན་ཤེས་བྱའི་སྐོར་ལ་འཚོལ་ཞིབ་དང་། དཀའ་ངལ་རབ་དང་རིམ་པར་ཉམས་མྱོང་བསགས་པའི་དཀའ་སྤྱད་འབད་བརྩོན་གྱི་འབྲས་རྟགས་སུ་རང་ཉིད་གློག་བརྙན་འཁྲབ་སྟོན་གྱི་ལམ་བུར་སྐྱོད་པའི་ཕུགས་ཀྱི་འདུན་མ་མངོན་དུ་གྱུར།


ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章