རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མ་དངུལ་སྒོར་དུང་ཕྱུར1འཕྲལ་མར་གཤམ་སྤྲོད་བྱས་ཏེ་བོད་ལྗོངས་ཀྱི་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་གནོད་འཚེ་བྱུང་རྗེས་ཀྱི་མཁོ་བསྟུན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པ།
ཟླ1པའི་ཚེས7ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར1འཕྲལ་མར་གཤམ་སྤྲོད་བྱས་ཏེ།བོད་ལྗོངས་ཀྱི་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་མཁོ་བསྟུན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། གནོད་ཐེབས་ས་ཁུལ་གྱི་གནོད་སྐྱོན་ཐེབས་པའི་གཞུང་ལམ་ཟམ་པ་དང་། སློབ་གྲྭ སྨན་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་མཁོ་བསྟུན་སླར་གསོའི་འཛུགས་སྐྲུན་ཐད་གཙོ་གནད་དུ་སྤྱད་དེ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་གང་མགྱོགས་སྒོས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/央视新闻
责编/彭毛才旦
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原者所有,如有侵权请立即与我们联系