ཀའོ་ཕིན་འཛིན་བཟུང་བྱས།

政务   2024-11-06 17:29   青海  

པེ་ཅིང་གྲོང་ཁྱེར་གྱི་དེ་སྔའི་ཧྲི་ཀྲང་གཞོན་པ་ཀའོ་ཕིན་འཛིན་བཟུང་བྱས།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཟླ11པའི་ཚེས6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མིའམ་གྲོང་གཙོ་གཞོན་པ་ཀའོ་ཕིན་གྱིས་ལྐོག་རྔན་བླངས་པ་དང་འགན་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་སྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་སྔོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་འགན་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཀའོ་ཕིན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་དོན་འདི་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་ཡོད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/新京报

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章