ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-06 08:42   青海  

གསར་འགྱུར་གལ་ཆེན།

ཚེས4ཉིན་གྱི་ཕྱི་དྲོ་ནས་ཚེས5ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ཞོ་ཀེན་གྲོང་ཁྱེར(孝感市)དང་ཞན་ཉིང་གྲོང་ཁྱེར(咸宁市)དུ་ཡུན་མོང་རྫོང་རྟེན་མཛོད་ཁང་དང་། ཅ་ཡུས་རྫོང་ཕན་ཅ་དབན་གྲོང་རྡལ་གྱི་སྔོ་ཚལ་ཁྱམས་རིང་། སི་དབྱི་གྲོང་ཚོ་བཅས་སུ་རྟོག་ཞིབ་གནང་བར་ཕེབས་ནས་ས་གནས་དེ་གའི་རིག་དངོས་སྲུང་སྐྱོང་དང་ཞིབ་འཇུག་བེད་སྤྱོད་ལ་ཤུགས་བསྣན་པའི་གནས་ཚུལ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཚུལ་སོགས་ལ་རྒྱུས་ལོན་གནང་།  

ཚེས4ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཐོ་མཆོང་དམག་མིར་གཟིགས་ཞིབ་གནང་བར་ཕེབས།     

ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་མ·པོ་ཁོར་གློག་འཕྲིན་བཏང་ནས་ཁོང་པོ་ཚི་ཝ་ན(博茨瓦纳)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།     

ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལཱ་ལ་པ་ལ་ཝུའུ(拉拉巴拉舞)ལ་གློག་འཕྲིན་བཏང་ནས་ཁོང་ཧྥི་ཅི(斐济)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།     

རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལེ་ལས་ཟླ11པའི་ཚེས7ཉིན་ནས་ཚེས12ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།     

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧིན་རྡུ་ནི་སི་ཡ(印度尼西亚)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ལ་པོ་ཝོ·སུའུ་པི་ཡན་ཏུའོ་ཡིས་ཟླ11པའི་ཚེས8ཉིན་ནས་ཚེས10ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།      

2023ལོའི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་བསྡུས་སྙན་ཞུ་ཚེས5ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ། སྙན་ཞུའི་ནང2023ལོའི་ལོ་མཇུག་བར་དུ་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་སྡོམ་འབོར་སྒོར་དུང་ཕྱུར་ཁྲི371.9ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས།     

ཚེས5ཉིན་བྱེ་འགོག་བྱེ་བཅོས་ལས་དོན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་ཕུལ། སྙན་ཞུའི་ནང་དོན་ལྟར་ན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་མུའུ་ཁྲི6500ཉུང་དུ་ཕྱིན་ཡོད།  

ཀྲུང་གོའི་མཁའ་དམག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒོལ་གཏོར་གནམ་གྲུ-35Aདང་། དམར-19ཡི་ས་གནམ་འཕུར་མདེལ་མཚོན་ཆའི་མ་ལག ཚ་ཏཱ་གཞི་གཅིག་ཅན་གྱི་མི་མེད་གནམ་གྲུ་གསར་པ་སོགས་སྒྲིག་ཆས་སྐབས་བཅོ་ལྔ་པའི་ཀྲུང་གོའི་མཁའ་འགྲུལ་འགྲེམ་སྟོན་ཐོག་ཐེངས་དང་པོར་ཡོངས་བསྒྲགས་བྱ་རྒྱུ་རེད།      

ས་གནས་དེ་གའི་ཚེས5ཉིན། 2024ལོའི་ཨ་རིའི་འདེམས་བསྐོ་ཆེན་མོའི་འདེམས་བསྐོ་འཕེན་མགོ་བརྩམས།   

སྤྱི་ཚོགས།

ཚེས6ཉིན་གྱི་ཞོགས་པར། འབྲི་ཆུའི་འབབ་རྒྱུད་ཀྱི་ས་ཆ་མང་པོ་ཞིག་གི་ཆེས་དམའ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ10ལས་མར་ཆག་སྲིད་པ་དང་། བྱང་ཤར་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ5ཙམ་ལ་སླེབས་རྒྱུ་རེད། ཚེས6ཉིན་གྱི་ཉིན་དཀར་ནས་བཟུང་རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་གནམ་གཤིས་ཇེ་དྲོར་འགྲོ་རྒྱུ་རེད།     

ཀྲུང་གོ་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པར་ཀྲུང་གོའི་ཟོག་འགྲེམ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས52.6%ཡིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.2འཕར་ཞིང་། ཟླ་བ་གསུམ་ལ་བསྟུད་མར་ཟླ་གོང་མ་ལས་འཕར་ཡོད།     

དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། དུས་ཚིགས་གསུམ་པའི་དུས་མཇུག་བར་རྒྱལ་ཡོངས་ཀྱི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི32.58ཟིན་པ་དེ་དུས་མཚུངས་ལས14.69%འཕར་ཡོད།     

2024ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས(ཁ་རྒྱུགས)ཀྱི་མིང་ཐོ་འགོད་པའི་ལས་དོན་དེ་ཟླ11པའི་ཚེས8ཉིན་ནས་མགོ་བརྩམ་རྒྱུ་རེད།

ཚེས5ཉིན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ཀྲོའུ་ཆིང་ཡུས་ཀྱིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀྲོའུ་ཆིང་ཡུས་ལ་དུས་བཀག་བཙོན་འཇུག་ལོ15བྱ་རྒྱུའི་ཁྲིམས་ཐག་བཅད།   

ཉེ་ཆར་ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་གི་གསོར་འབིགས་འཕྲུལ་འཁོར་གྱི་ལོའི་འབིགས་ཚད་སྨི་ཁྲི3ལས་ཐོག་མར་བརྒལ།     

ཚེས5ཉིན་རང་རྒྱལ་གྱི་ས་ཡོམ་ལས་གྲྭའི་ཁྱབ་ཁོངས་ནང་གི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཐོག་མ་སྟེ། “ས་ཡོམ་ལས་གྲྭ་ཆེ་གྲས་ཀྱི་ལད་ཟློས་ཞིབ་འཇུག་སྒྲིག་བཀོད”རྣམ་གྲངས་སྤྱོད་མགོ་ཚུགས་ཤིང་། དེས་མིའི་རིགས་ཀྱིས་ཐོ་འགོད་བྱས་པའི་ས་ཡོམ་བྱེད་སྒོ་ཚང་མ་ཇི་མ་ཇི་བཞིན་དུ་བསྐྱར་མངོན་བྱེད་ཐུབ།    

ལུང་ཏུང་ནས་ཧྲན་ཏུང་དུ་དབོར་འདྲེན་བྱེད་པའི་དམིགས་བསལ་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭའི་ཧྲའན་ཞིའི་དུམ་བུ་ཉེ་ཆར་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད་པ་དང་། ལས་གྲྭ་དེ་ནི་རང་རྒྱལ་གྱི“རླུང་འོད་མེ་གསོག་འཇོག་གཞི་གཅིག་ཅན”གྱི་ཕྱིར་འདྲེན་གྱི་དམིགས་བསལ་མཐོ་གནོན་ལས་གྲྭ་ཐོག་མ་དེ་ཡིན།  

   ཅང་སུའུ་སུའུ་ཀྲོའུ་ཡི་བུ་མོ་ཞིག་ཆུ་ནང་དུ་ལྷུང་བ་ན། རུ་འཁྱུར་དམག་མི་ཝང་ཞང་ཏུང་ཆུ་རགས་ཕྱོགས་སུ་རྒྱུག་ནས་མི་སྐྱོབ་སྐབས་ཐང་ལ་འགྱེལ་ནས་ཚང་ར་ལ་རྨས་ཕོག་ནའང་། ཁོས་ན་ཟུག་བསྲན་ནས་མི་གཞན་དང་མཉམ་དུ་ཆུ་ནང་དུ་ལྷུང་བའི་བུ་མོ་དེ་ཆུ་ངོགས་སུ་བསྐྱབས་རྗེས་གཞི་ནས་རྐང་བ་གྱོལ་བཞིན་ཡུལ་དངོས་དང་ཁ་བྲལ།  

སྲིད་ཇུས།

སི་ཁྲོན་གྱིས་སྔོན་བཟོའི་ཚལ(预制菜)གཉེར་སྐྱོང་ཁེ་ལས་ཀྱི་མཛོད་ཁང་གིས་ཆེད་མི་བཀོད་སྒྲིག་བྱས་ནས་དོ་དམ་བྱེད་དགོས་པ་དང་དོ་དམ་ལམ་ལུགས་བཟོ་དགོས་པ་ཁ་གསལ་བཏོན།     

ནང་སོག་གིས་སློབ་གྲྭ་ཆུང་འབྲིང་ཁག་གིས་སློབ་གསེང་བྱེད་སྒོའི་དུས་ཡུན་དོ་དམ་ཚད་ལྡན་དུ་བཏང་ནས། སློབ་ཁྲིད་གྲོལ་བ་ཕྱིར་སྣུར་དང་སྔ་སྣུར་དུ་སློབ་ཚན་འཚོག་རྒྱུ་གཏན་འགོག་བྱེད་པ་དང་། སློབ་མའི་སློབ་གསེང་དུས་ཚོད་སྐར་མ10ཡི་བྱེད་སྒོ་རང་དགར་ཐུང་དུ་གཏོང་བ་དང་བཟུང་སྤྱོད་བྱེད་མི་རུང་བའི་བླང་བྱ་བཏོན།   

ཀོང་ཏུང་གིས་ཞིང་པའི་སྤྲོ་སྐྱིད་ཁང་སོགས་གྲོང་གསེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་བཟའ་བཏུང་ཚན་པར་རྒན་པའི་ཟ་ཁང་གི་ཞབས་ཞུ་སྤེལ་བའམ་ཡང་ན་རྒན་པ་ལ་འཚམ་པའི་ཟས་དང་ལྟོ་ཆས་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།  

ཞིན་ཅང་གི་བྱང་ཕྱོགས་དང་ནན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་དབུས་ཤར་ཁུལ། ཁྲོན་ནུབ་མཐོ་སྒང་གི་བྱང་ཕྱོགས་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁ་བ་ཆུང་ཙམ་ནས་འབྲིང་ཙམ་མམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་གི་བྱང་ཕྱོགས་ཀྱི་ས་བབ་མཐོ་བའི་རི་ཁུལ་དང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་ནས་ཁངས་ཆག་འབབ་རྒྱུ་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་། ཡུན་ནན་གྱི་ལྷོ་ནུབ། ཐའེ་དབན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆེན་པོའི་བར་འབབ་རྒྱུ་རེད། དེའི་ནང་ཡུན་ནན་གྱི་ལྷོ་ནུབ་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章