མདོ་ལ་རྫོང་བོད་ལུག་གསོ་སྤེལ་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་འཕར།

政务   2024-11-05 11:19   青海  


མཚོ་བྱང་ཁུལ་མདོ་ལ་རྫོང་གི་བོད་ལུག་ཁྲོམ་ལུག་གསོ་སྤེལ་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་།

ཉེ་ཆར། མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོག་ཁྱིམ་ཕྱུགས་རའི་བོད་ལུག་ཁྲོམ་ལུག་གསོ་སྤེལ་ར་བས་ཁྲོམ་ལུག་ཕྱིར་གཏོང་བྱ་བ་སྒྲུབ་མགོ་བརྩམས། འཆར་གཞི་ལྟར་ན་བོད་ལུག་ཁྲོམ་ལུག1500ཕྱིར་གཏོང་བྱ་རྩིས་ཡོད།

མདོ་ལ་རྫོང་འབྲོག་ཁྱིམ་ཕྱུགས་ར་ནི་མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་གཞི་ཁྱོན་ཆེ་བའི་ཕྱུགས་ར་ཞིག་ཡིན་པ་དང་། ན་ནིང་ལོ་རེར་སྒོར་ཁྲི107གྱིས་ཉེ་འགྲམ་གྱི་སྡེ་བ་བཞི་ཡི་མཉམ་སྡེབ་རྩྭ་ས་མུའུ་ཁྲི3ལྷག་ཙམ་ཉོས་པ་དང་། བོད་ལུག3000ལྷག་ཙམ་དང་ནོར་གནག400ལྷག་ཙམ་ཉོས།

མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོག་ཁྱིམ་ཕྱུགས་རའི་མགོ་གཙོ་ཡ་ཟེ་ཇེ་ཡིས་བཤད་རྒྱུར། ད་ལོའི་ཟླ8པའི་ཚེས5ཉིན་མཚོ་སྔོན་ཞིང་ཆེན་གྱི《ཕྱུགས་རིགས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》བླངས་ཏེ་འབྲོག་ཁྱིམ་ཕྱུགས་ར་དང་བོད་ལུག་ཁྲོམ་ལུག་གསོ་སྤེལ་ར་བ་བཙུགས། དེ་བཙུགས་རྗེས་ང་ཚོས་ཁྲོམ་ལུག་གསོ་སྤེལ་གྱི་བྱ་བ་བསྒྲུབས་ནས་ད་ལོར་ང་ཚོས་ཁྲོམ་ལུག1500ཕྱིར་གཏོང་བྱ་རྩིས་ཡོད། མིག་སྔར་ཁྲོམ་ལུག་གསལ་འབྱེད་དང་དཔྱད་གཞིར་འཛིན་པའི་བྱ་བ་ལེགས་གྲུབ་བྱུང་ཡོད།

མཚོ་བྱང་ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་སུན་ཡུན་གྱིས་བཤད་རྒྱུར། དེ་རིང་བསྐྱར་ཞིབ་བྱས་པའི་གྲུབ་འབྲས་ལ་བལྟས་ན་ཚད་ལོངས་ཚད100%ཡིན་པ་དང་། ང་ཚོའི་ཕྱུགས་རིགས་རྣམ་གྲངས་རྫོང་གཞན་ལ་གཏོང་སྐྱེལ་བྱེད་ཆོག་ཟེར།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ས་གནས་ཀྱི་ས་ཁོངས་ཀྱི་ལེགས་ཆར་གཞི་བཙུགས་ཏེ་མདོ་ལ་རྫོང་ཤར་རྒྱུད་ཀྱི་བོད་ལུག་ཐོན་ལས་ཀྱི་རྒྱུད་བཟང་ཚོགས་པ་བཙུགས་པ་དང་འབྲེལ“ཕྱུགས་རིགས་ར་བ+ལྟེ་བའི་ཚོགས་པའི”རྒྱུད་བཟང་ཐོན་ལས་མ་ལག་ལ་བརྟེན་ནས་མདོ་ལའི་ལྗང་མདོག་སྐྱེ་ལྡན་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱ་ཆེད་རྒྱུད་བཟང་དང་ཕན་ནུས་ཆེ་བ། སྤུས་ལེགས་བཅས་ཀྱི་བོད་ལུག་ཕྱུགས་རིགས་མཁོ་འདོན་བྱས། མིག་སྔར། རྒྱུད་བཟང་བོད་ལུག་ཕྱུགས་རིགས་དེ་གཙོ་བོ་གསེར་ཆེན་རྫོང་དང་སྟོང་སྐོར་རྫོང་སོགས་སུ་ཕྱིར་གཏོང་བྱས་ཏེ་བོད་ལུག་ཁྲོམ་ལུག་ཐོན་ལས་དེ་བོད་ལུག་གསོ་སྤེལ་ཁྱིམ་ཚང་གི་ཡོང་འབབ་འཕར་བའི་ཐབས་ལམ་གསར་པར་གྱུར་ཡོད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/青海广播电视台

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章