མཚོ་བྱང་ཁུལ་གྱིས་ནས་ཀྱི་སྣ་ཁ་གསར་པ་གཞན་ཞིག་ཐོ་འགོད་བྱས་པ་དང་འབྲེལ་གྲུབ་འབྲས་ལག་ཁྱེར་ཐོབ།
“པེ་ཆིན་ཨང་རྟགས14པ”ནི་བར་སྨིན་དང་ཚད་མཐོའི་ཐོན་རྫས། སྤུས་ལེགས་བཅས་ཀྱི་སོག་མ་ཐུང་བའི་རྣམ་པའི་ནས་སོན་ཁོངས་སུ་གཏོགས་པ་དང་། དེ་འདེབས་འཛུགས་བྱས་པ་ལས“པེ་ཆིན་སྐོར་གྱི”ས་བོན་ཁྲོད་ཚད་མཐོའི་ཐོན་རྫས་མེད་པའི་ནས་ཀྱི་ལོ་རྒྱུས་མཇུག་སྒྲིལ་བ་མཚོན་ཡོད། འབྲུ་རིགས་འདིའི་ས་བོན་ནི་སྔོན་པོ་ཡིན་ལ་སྙེ་ཐོན་ཕྱེད་མའི་རིགས་ཡིན།
དེ་ནི་རང་ཁུལ་ནས་འདེམས་གསོ་བྱས་པའི་སོག་མ་ཐུང་བ་དང་ས་བོན་གྱི་ཐོན་འབབ་མཐོ་བའི་རིགས་དང་པོ་ཡིན་པས། སྔར་བཏབ་པའི་འབྲུ་སྙིང་སེར་པོའི་རིགས་ཀྱི་ཐན་འགོག་ནུས་པ་ཞན་པ་དང་སྙེ་མའི་རིགས་མི་བཟང་བའི་ཞན་ཆ་ཁྱད་དུ་བསད་པར་མ་ཟད། དེ་དང་ཆབས་ཅིག་འབྲུ་སྙིང་ནང་གི་འཕྲོད་ནུས་ཆེ་བ་དང་ཐོན་འབབ་བརྟན་པོ་ཡོད་པ། འབྲུ་རྡོག་གི་འཚོ་བཅུད་བཟང་པའི་ལེགས་ཆ་རྒྱུན་འཛིན་བྱས་ཡོད།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/海北州农牧综合服务中心农业研究室
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系