ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚན་ཆུང་གིས་ཚོགས་འདུ་འཚོཊ།

政务   2024-11-07 14:08   青海  


མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ཟུར་ཁྲིད(རྒྱ་སྐྱེད)ཚོགས་འདུ་འཚོགས།

ཟླ11པའི་ཚེས6ཉིན། མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ཟུར་ཁྲིད(རྒྱ་སྐྱེད)ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གདན་དྲངས་ནས<<ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས>>ཞེས་པའི་ཆེད་དོན་ཟུར་ཁྲིད་བྱས། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་ཁུལ་ཨུའི་སྡེ་ཚན་ཁག་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ། རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་སྡེ་ཁག་སོ་སོའི་འབྲེལ་ཡོད་ལས་སྒྲུབ་མི་སྣས་ཆེད་དོན་འཆད་ཁྲིད་ལ་ཉན་ལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་གིས་གཙོ་སྐྱོང་གནང་།

ཐེངས་འདིའི་འཆད་ཁྲིད་ནང་ཕྱོགས8ཀྱི་ཐད་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཇི་ལྟར་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བར་གོ་བདེ་ལ་གཏིང་ཟབ་པའི་འགྲེལ་བཤད་བརྒྱབ། ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་ངང་ཆེད་དོན་ཟུར་ཁྲིད་ཀྱི་བརྗོད་བྱ་ཁ་གསལ་བ་དང་གོ་རིམ་ཆ་ཚང་བ། གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་རྒྱས་བཤད་ཡོད་ལ་དོན་དངོས་དང་དམ་པོར་བསྟུན་པའི་དབྱེ་ཞིབ་གནད་ལ་འཁེལ་བས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་སོ་སོར་སྔར་ལས་སྐུལ་འདེད་གཏོང་རྒྱུར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན། ལག་ལེན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པས་ཉན་རྗེས་ཕན་པ་ཆེན་པོ་ཐོབ་ཡོད་ཟེར། ཚང་མས་མ་འོངས་པའི་བྱ་བའི་ཁྲོད་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་དངོས་འབྲེལ་དོན་འཁྱོལ་བྱས་ཏེ། གཞི་རིམ་ལ་རང་འཁྲིའི་བྱ་བ་ཡག་པོ་སྒྲུབ་པའི་དུས་ཚོད་དང་སེམས་ཤུགས་སྔར་ལས་མང་བ་ཡོད་པར་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་འགན་འཁྲི་འཁུར་སེམས་སྔར་ལས་ཆེ་བ་དང་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།

ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཚན་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱར་དམ་པོར་དམིགས་ནས<<ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག>>དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དམ་འཛིན་ལྷོད་མེད་དང་རྒྱུན་དུ་དམ་འཛིན། དམ་འཛིན་མཐར་ཕྱིན་བཅས་བྱས་ཏེ་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བྱ་བའི་འདུ་ཤེས་དང་བྱེད་སྟངས། བྱེད་ཐབས་བསྒྱུར་གང་ཐུབ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ"ཁུར་བོ་ཇེ་ཡང་དུ་གཏོང་བ"ནི"ལས་འགན་ཉུང་གཏོང"དང"འགན་འཁྲི་ཉུང་གཏོང"ལ་ངོས་འཛིན་གཏིང་ཟབ་བྱས་ནས་གཞི་རིམ་ལས་བྱེད་པས་སྔར་ལས་ཧུར་བརྩོན་དང་རང་འགུལ་ངང་གསར་གཏོད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་ཁྲིད་སྟོན་བྱ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གོང་རིམ་གྱི་བླང་བྱ་དང་ཞིབ་བསྡུར་ནན་ཏན་བྱེད་པ་དང་གཞི་རིམ་གྱི་རེ་ཞུར་ཕྱོགས་ཡོངས་ནས་ལན་སློག་པ། བློ་རིག་བཀྲ་ཞིང་གནད་ལ་འཁེལ་བའི་སྒོ་ནས་དཀའ་གནད་སེལ་བ། ཁུར་བོ་ཇེ་ཡང་དུ་གཏོང་བའི་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། གཞི་རིམ་གྱི་བྲེལ་དཀའ་སྡུག་སྨོན་ཁྱོན་ཡོངས་ནས་སེལ་བ་བཅས་བྱ་དགོས། ལྟ་བར་འགྱུར་ལྡོག་གཏོང་བ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་འགན་དབང་གི་དབྱེ་མཚམས་གསལ་པོ་བཟོ་བ་དང་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ"གང་ཞིག་ཉུང་དུ་གཏོང་དགོས་པ་དང་གང་འདྲ་བྱས་ནས་ཉུང་དུ་གཏོང་དགོས་པའི"གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་དོན་ཚན་གྱི་གསལ་ཐོ་བཟོ་བ་དང་ལག་བསྟར་ནན་ཏན་བྱས་ཏེ་འགན་དབང་གཅིག་མཐུན་དང་འགན་ནུས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལམ་ལུགས་ལ་བརྟེན་ནས་རྩ་བཅོས་བྱས་ཏེ་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་ལ་གཅིག་ཤེས་ཀུན་གྲོལ་དང་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་ལམ་ལུགས་ཀྱི་ཐོག་ནས་ཚད་ལྡན་བཟོ་བ་དང་འབྱུང་རྩ་ནས་སྐྱོན་ཆ་འགོག་ཐུབ་པ་བྱས་ནས"ལམ་ལུགས་ཆ་ཚང་ཞིག་འཐུས་ཚང་དུ་གཏོང་བ་དང་གནད་དོན་རིགས་གཅིག་ཐག་གཅོད"ཧུར་ཐག་བྱེད་དགོས།


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

文图/祁连山报社全媒体记者 马淑珍 责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章