Google (དགོས་དགུ)ཡིག་སྒྱུར་མ་ལག་ཏུ་བོད་ཡིག་ནང་འཇུག་ཐུབ་པ།

健康   2024-11-03 12:21   四川  

(དགོས་དགུ)ཚན་རྩལ་ལས་ཁང་གི་གཙོ་འགན་པ་བོད་མོ་བསོད་ནམས་དོན་ལྡན་གྱིས་དབྱིན་སྐད་ཀྱི་ལམ་ནས་ངོ་སྤྲོད་གནང་བ། དབྱིན་སྐད་མཁྱེན་མཁན་ཚོས་གསན་པར་མཛོད། 


2015.5 ན་ནིང་བདག་གིས་འདིར(དགོས་དགུ(google)དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་མཆོག་མཇལ་བའི་སྐལ་བཟང་གི་གོ་སྐབས་བྱུང་། དེ་དུས་བོད་ཡིག་ཐོག(དགོས་དགུ)ཡིག་སྒྱུར་བཟོ་རྒྱུའི་སྐོར་མཁན་པོ་དང་གླེང་མོལ་བྱུང་། བདག་གི་ལས་གཞི་ངོ་མ་ནི་དཔལ་འབྱོར་དང་འབྲེལ་བའི་ལས་ཀ་ཡིན་ཡང་ནམ་ཞིག་ཟུར་ལས་སུ་དགོས་མཁོ་བྱུང་ཚེ། བོད་ཀྱི་ཡིག་སྒྱུར་བའི་ཚུལ་དུ་ལས་ཀ་བྱེད་བཞིན་ཡོད། (དགོས་དགུ)ཡིག་སྒྱུར་(google translate)ལ་མཚོན་ན་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ནི། སྤུས་ཚད་མཐོ་བའི་ཐ་སྙད་ཀྱི་གྲངས་ཐོ་མེད་པ་དེ་ཡིན། བདག་གིས་མཁན་ཆེན་རིན་པོ་ཆེ་མཆོག་གིས་བོད་ཀྱི་དེང་རབས་ཐ་སྙད་ཕྱོགས་བསྡོམས་དང་གསར་སྒྲིག་ལ་ཆེད་དམིགས་གནང་བའི་རྒྱ་བོད་དབྱིན་གསུམ་གསར་བྱུང་ཚིག་མཛོད་འགའ་ཞིག་མཁས་པ་གཞན་དང་ལྷན་དུ་རྩོམ་སྒྲིག་གནང་བ་ཤེས་རྟོགས་བྱུང། འདི་ནི་ཚིག་མཛོད་འདིའི་རིགས་ཀྱི་ཐོག་མ་དེ་ཡིན། དེ་འདྲ་ཡིན་དུས། 2015 ན་ནིང་ང་ཚོས་མཁན་པོ་མཆོག་དང་མཇལ་དུས་ཁོང་གིས(དགོས་དགུ)ཚང་ལ་དེང་རབས་བོད་སྐད་མིང་མཛོད་ཀྱི་ཐ་སྙད་ཕྱོགས་བསྡོམས་ཀྱི་གྲངས་ཐོ་མཁོ་སྤྲོད་གནང་བའི་ཞལ་བཞེས་གནང་བ་བཞིན། 2016.6 ད་ལྟ་དེང་རབས་བོད་སྐད་མིང་མཛོད་ཀྱི་གྲངས་ཐོ་ཆ་ཚང་ང་ཚོའི་ལག་ཏུ་ཐོན་པས་ཧ་ཅང་བཀའ་དྲིན་ཆེ་ཞུ། ཐུགས་རྗེ་ཆེ་ཞུ།

2016.4.18

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས(དགོས་དགུ)ལས་ཁང་དུ་ཚན་རིག་པ་དང་གླེང་མོལ་གནང་བའི་བརྙན།

google དགོས་དགུ)ཚན་རྩལ་ལས་ཁང་གི་གཙོ་འགན་པ་བོད་མོ་བསོད་ནམས་དོན་ལྡན་གྱིས་བཤད་རྒྱུར།

  དགེ་བཤེས་སྨོན་ལམ་དང་ངེད་གཉིས་པར་ཞིག་བསྒྲོན་འདུག་ཨ། ཁ་སང་དགེ་བཤེས་སྨོན་ལམ(དགོས་དགུ)ལ་སླེབས་སོང་། ང་ལ་རོགས་པ་བྱེད་ད། ང་ཚོ་རོགས་པ་བྱེད་རོགས་དགོས་ཀི་འདུག་ལབ་སོང་བས་མཉམ་དུ་པར་བརྒྱབས་ནས་ཕར་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། 

དགེ་བཤེས་སྨོན་ལམ་གྱིས་ཚིག་མཛོད་མང་པོ་བཟོས་འདུག་ཨ། དགེ་བཤེས་ཚང་གིས་བཟོས་པའི་ཚིག་མཛོད་དེ་ཚོ་ང་ཚོས་བེད་སྤྱོད་བྱེད་རྒྱུ་རག་མ་སོང་། ག་རེ་ཡིན་ཟེར་ན། ཆོག་མཆན་འདྲ་བོ་དགོས་ཀི་འདུག་པས་ང་ཚོ་ལ་དཀའ་ངལ་ཅུང་ཙམ་འཕྲད་ཀི་འདུག །

   བོད་ཀྱི་བླ་མ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ང་ཚོ(དགོས་དགུ)ཚང་ལ་དེང་རབས་བོད་སྐད་མིང་མཛོད་ཀྱི་ཐ་སྙད་ཁག་དང་ཚིག་མཛོད་རིན་མེད་དུ་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་ཆ་ཚང་སྤྲད་སོང་བས་ཁོང་བཀའ་དྲིན་ཆེན་པོ་ཡིན། 

དགེ་བཤེས་སྨོན་ལམ་གྱིས་ཀྱང་ལས་ཀ་ཡག་པོ་གནང་གིན་འདུག ཡིན་ན་ཡང་ང་ཚོར་བཀའ་དྲིན་ཆེ་བ་ནི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཡིན། 

 2015.6 ཐེངས་དང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང(དགོས་དགུ)སྤྱི་གཉེར་ཁང་དུ་ཕེབས་སྐབས། 



2016.5 ཐེངས་གཉིས་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང(དགོས་དགུ)སྤྱི་གཉེར་ཁང་དུ་ཕེབས་སྐབས།






阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章