རིན་ཐང་གི་ངོ་ཤེས་པ།
བླ༵་མ་བྱས་ན་མཐོང་བ་དོན་ལྡན་ཡིན།།
ཡི༵་དམ་བྱས་ན་དགོས་འདོད་ཀུན་འབྱུང་ཡིན།།
མཁའ༵་འགྲོ་བྱས་ན་བར་ཆད་ལམ་སེལ་ཡིན།།
ཚུལ་ཁྲིམས་བློ་གྲོས་དཀར་པོ་ཆིག་ཐུབ་ཡིན།།
མཁས༵་པ་བྱས་ན་ཐམས་ཅད་མཁྱེན་པ་ཡིན།།
བཙུན༵་པ་བྱས་ན་ཉེས་སྐྱོན་ཀུན་བྲལ་ཡིན།།
བཟང༵་པོ་བྱས་ན་གསེར་གྱི་ས་གཞི་ཡིན།།
ཚུལ་ཁྲིམས་བློ་གྲོས་ཡོངས་འདུའི་ལྗོན་པ་ཡིན།།
ཐོས༵་པ་བྱས་ན་མཛོད་ཀྱི་ལྡེ་མིག་ཡིན།།
བསམ༵་པ་བྱས་ན་ཚད་འགྲོ་གནད་སྨིན་ཡིན།།
སྒོམ༵་པ་བྱས་ན་མི་གཡོ་དམ་པ་ཡིན།།
ཚུལ་ཁྲིམས་བློ་གྲོས་མ་རིག་མུན་སེལ་ཡིན།།
མཁྱེན༵་པ་བྱས་ན་ཤེས་བྱ་ཀུན་གཟིགས་ཡིན།།
བརྩེ༵་བ་བྱས་ན་བྱང་ཆུབ་སེམས་དཔའ་ཡིན།།
ནུས༵་པ་བྱས་ན་དོན་གཉིས་མཐར་སོན་ཡིན།།
ཚུལ་ཁྲིམས་བློ་གྲོས་ནད་བརྒྱ་སྨན་གཅིག་ཡིན།།
རིགས་ཞེན་བྱས་ན་གངས་ཀྱི་དཔལ་བརྟུལ་ཡིན།།
ཐབས་མཁས་བྱས་ན་སྟོན་པའི་རྒྱལ་ཚབ་ཡིན།།
མཛད་པ་བྱས་ན་གསེར་རི་དངུལ་རི་ཡིན།།
ཚུལ་ཁྲིམས་བློ་གྲོས་དུས་ཀྱི་སྨན་པ་ཡིན།།
བཀའ་དྲིན་བསམ་ན་གཞལ་མཐའ་བྲལ་བ་ཡིན།
ཐུགས་རྗེ་བསམ་ན་འགྲོ་བའི་མགོན་པོ་ཡིན།
འགྲོ་དོན་བསམ་ན་བརྗོད་ལས་འདས་པ་ཡིན།།
ཚུལ་ཁྲིམས་བློ་གྲོས་བླ་མའི་བླ་མ་ཡིན།།