ཡུག་རེན་གྱིས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་གྱི་ཆོག་མཆན་ཐོབ།

健康   2024-11-18 13:29   四川  

ཨུ་རུ་སུ་དང་ཡུག་རེན་དམག་འཁྲུག་གི་གནས་བབ་ཛ་དྲག།


2024.11.18 གཟའ་ཟླ་བ།

ཨ་རིའི་སྲིད་འཛིན་བྷ་ཀྲན་གྱིས་ཡུག་རེན་ལ། ཨ་རིས་ཡུག་རེན་ལ་སྤྲད་པའི་ཐག་རིང་སྙོབས་པའི་འཕུར་མདའ་ ATACMS སྤྱད་ནས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་བྱ་ཆོག་པའི་བརྡ་བཏང་ཟིན་པའི་གནས་ཚུལ་ཐོན།


   ནེའུ་ཡོག་དུས་བབ་གཙོས་ཨ་རིའི་གསར་ཁང་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྲིད་འཛིན་བྷ་ཀྲན་གྱིས་ཡུག་རེན་ལ། ཨ་རིས་ཡུག་རེན་ལ་སྤྲད་པའི་ཐག་རིང་སྙོབས་པའི་འཕུར་མདའ་ ATACMS སྤྱད་ནས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་བྱ་ཆོག་པའི་བརྡ་བཏང་ཟིན་པའི་གནས་ཚུལ་ཐོན། དབྱིན་ཇིའི་སྦི་སྦི་སི་གསར་ཁང་ལྟར་ན། གནས་ཚུལ་འདི་བདེན་པ་ཡིན་པ་ཨ་རིའི་གཞུང་འབྲེལ་ལས་བྱེད་ཅིག་གིས། ཨ་རིའི་གསར་ཁང་སི་བྷི་ཨེ་སི་CBS ལ་གཏན་འཁེལ་ཟིན་པ་བཤད། ཕོ་བྲང་དཀར་པོས་གནས་ཚུལ་འདི་བདེན་མིན་ད་ལྟ་བར་གང་ཡང་མ་བཤད།


ཡུག་རེན་གྱི་སྲིད་འཛིན་ལ་འདིའི་སྐོར་སྐད་ཆ་དྲིས་པར། གནས་ཚུལ་དེ་ནི་ཡོངས་སུ་སྒྲོག་རྒྱུ་ཞིག་མ་རེད། (དེ་བདེན་མིན་)འཕུར་མདའ་རང་གིས་ཁ་གྲགས་རྒྱུ་ཞིག་རེད་ཅེས་བཤད།

    ཨ་རིས་ཡུག་རེན་ལ་སྤྲད་པའི་ཐག་རིང་སྙོབས་པའི་འཕུར་མདའ་ ATACMS ཡི་སྙོབས་ཚད་སྤྱི་ལེ་ 306 ཡིན་པ་དང་། རོའུ་ཀྲར་གསར་ཁང་གིས། ཡུག་རེན་དམག་གིས་ཡོང་རྒྱུའི་ཉིན་དག་གི་ནང་འཕུར་མདའ་འདི་སྤྱད་ནས་གཏོར་རྒོལ་འགོ་གཟུག་རྒྱུ་ཡིན་པ་བཤད།

   ཐེངས་འདིའི་ཨ་རིའི་སྲིད་འཛིན་བྷ་ཀྲན་སྲིད་གཞུང་གི་ཐག་གཅོད་འདི་ནི།
གཙོ་བོ་བྱང་ཁོ་རེ་ཡའི་དམག་རོགས་ཨུ་རུ་སུའི་ཁར་སི་ཀི་མངའ་སྡེར་ཡུག་རེན་དམག་དང་འཐབ་ཏུ་སླེབས་པ་དང་། ལྷག་པར་བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་དགོང་མོ། ཁ་སང་ཞོགས་པ་སོགས་སུ་ཨུ་རུ་སུའི་དམག་གིས་། ཡུག་རེན་གྱི་རྒྱལ་ས་ཁེ་ཝུ་དང་། ལི་ཝེ་ཝི། ཨོ་རྡ་ས་སོགས་སུ་འཕུར་མདའ་དང་གོ་ལག་གིས་ཚུར་རྒོལ་ཧ་ཅང་ཆེན་པོ་ཞིག་བྱས་ཤིང་། ཡུག་རེན་གྱི་གློག་ཁང་མང་པོར་གཏོར་སྐྱོན་ཚད་མེད་བཟོས་པ་དང་ཐད་ཀར་འབྲེལ་ཡོད་པ་གསལ།


    དེ་ལྟར་ན། ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་བྱ་རྒྱུའི་ཆོག་མཆན་སྤྲད་པ་དེ་ནི། གཙོ་བོ་ཁར་སི་ཀི་ས་ཁུལ་གྱི་བྱང་ཁོ་རེ་ཡ་དང་ཨུ་རུ་སུའི་དམག་མིའི་སྟེང་གཏོར་རྒོལ་བྱ་རྒྱུའི་ཆོག་མཆན་སྤྲད་པ་ཞིག་ཡིན་པ་གསལ་ནའང་། དེ་དང་ལྷན་ཨུ་རུ་སུའི་ས་ཁུལ་གཞན་དག་ལའང་གཏོར་རྒོལ་བྱ་རྒྱུའི་ཆོག་མཆན་སྤྲད་ཟིན་པའི་རྣམ་པ་འདུག འདིའི་སྐོར་ག་ལེར་གསལ་བོར་ཆགས་རྒྱུ་རེད།

ཨ་རིའི་ཆོག་མཆན་སྤྲད་པ་དང་ལྷན། ཧྥ་རན་སིས་ཡུག་རེན་ལ་ཁོ་ཚོའི་འཕུར་མདའ་ SCALP དང་། དབྱིན་ཇི་སྲིད་གཞུང་གིས་ཡུག་རེན་ལ་ཁོ་ཚོའི་འཕུར་མདའ་ Storm shadow སྤྱད་ནས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་བྱ་རྒྱུའི་ཆོག་མཆན་སྤྲད་ཟིན་པའི་གནས་ཚུལ་ཞིག་ཡུག་རེན་གྱི་དྲྭ་ལམ་ཁག་ཏུ་ཁྱབ། གནས་ཚུལ་འདི་ད་ལྟ་རང་ཁྱབ་བཞིན་པས། བདེན་མིན་འདི་ཀ་ནས་རེ་ཞིག་ཞུ་མ་ཤེས། ཡིན་ན་ཡང་། མཇར་མན་གྱི་ལྗང་ཁུ་ཚོགས་པའི་སྲིད་བློན་འོས་མི་རོ་བྷར་ཀྲི•ཧ་བྷེག་གིས། ཁོ་ལ་རྒྱལ་ཁ་ཐོབ་ཚེ་མཇར་མན་གྱི་ཐག་རིང་སྙོབས་པའི་འཕུར་མདའ་ཏོ་རོ་སི་ Taurus ཡུག་རེན་ལ་སྤྲད་རྒྱུ་ཡིན་པ་བཤད།

འདས་པའི་ཟླ་བ་མང་པོའི་རིང་ཡུག་རེན་གྱིས་ཨ་རིར་རེ་སྐུལ་ཞུས་ཀྱང་ཆོག་མཆན་མ་ཐོབ། ལྷག་པར་ཕྱི་ཟླ་8ཚེས་30 ཉིན་འདིའི་ཆེད་ཡུག་རེན་གྱི་བདེ་སྲུང་བློན་ཆེན་ཨུ་མེ་རོ་ཝི་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བསླེབས། ཐེངས་འདིའི་ཐག་གཅོད་ལ་ཕོ་ལན་ཀྲི་སོགས་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཚོས་དགའ་བསུ་ཞུས་ཤིང་། ཕུ་ཀྲན་གྱིས་གོ་ཐུབ་པའི་བརྡ་ནི་དེ་ཁོ་ན་རེད་ཅེས་བཤད། ཡིན་ན་ཡང་། ཨ་རིའི་བདམས་ཐོན་སྲིད་འཛིན་ཁྲི་རམ་ཕུའི་བུ་རྒན་པས། གོ་ལག་བཟོ་གྲྭ་དག་གིས། ངའི་ཨ་ཕ་སྲིད་སྟེགས་སུ་བསླེབས་ནས་ཞི་བདེ་སྐྲུན། ཚེ་སྲོག་མ་བསྐྱབས་སྔོན་འཛམ་གླིང་འཁྲུག་ཆེན་གསུམ་པ་བསློང་ཐུབ་པ་བྱ་རྒྱུ་ཡིན་པ་འདྲ་ཞེས་བྲིས། 

ད་ལོར་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲན་གྱིས།


གལ་སྲིད་ནུབ་ཕྱོགས་ཀྱིས་ཡུག་རེན་ལ་ཐག་རིང་སྙོབས་པའི་འཕུར་མདའ་སྤྱད་ནས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་བྱ་རྒྱུའི་ཆོག་མཆན་དེ་འདྲ་སྤྲད་ཚེ། དེ་ནི་བྱང་ཆིངས་ཐད་ཀར་དམག་འཁྲུག་ཁྲོད་འཛུལ་ཟིན་པ་ཞིག་ཏུ་གྱུར་ཟིན་པ་བཤད། ད་ལྟ་བར་ཨུ་རུ་སུའི་གཞུང་རང་གིས་ཐེངས་འདིའི་གནས་ཚུལ་དང་འབྲེལ་གང་ཡང་མ་བཤད།

   ཡིན་ན་ཡང་། ཨུ་རུ་སུའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཆེས་མཐོའི་ལས་བྱེད་ཝི་ལ་སྒྲི་མེར་རྫ་བྷ་རོ་ཝི་ Vladimir Dzhabarov ཡིས། ཐག་གཅོད་འདིས་འཛམ་གླིང་འཁྲུག་ཆེན་གསུམ་པའི་སྣ་འདྲེན་སྲིད་པ་དང་། ཡུག་རེན་རྒྱལ་ཁབ་ཀྱི་ངོ་བོ་ཞོགས་པ་བར་ཤུལ་མེད་བཟོས་ནས་མཇུག་བསྡུ་ངེས་ཡིན་ཞེས་བཤད། ཁོས་ཅི་ཞིག་ཤོད་ཀྱིན་པ་མི་ཤེས་ཀྱང་། ཨུ་རུ་སུས་རྡུལ་མཚོན་སྤྱོད་སྲིད་པའི་དོན་ཡིན་ན་མ་གཏོགས། ཨུ་རུ་སུའི་དམག་གིས་གནས་སྐབས་ཡུག་རེན་ཤུལ་མེད་བཟོ་ཐུབ་རྒྱུ་ཕར་ཟད། ཤི་རྨས་འཚབ་ཆེན་གྱིས་ཟླ་འགར་འཐབ་མཐར། གྲོང་བརྡལ་ཞིག་བཟུང་ནའང་རྒྱལ་ཁ་ཆེན་པོ་ཞིག་གི་ཚུལ་དུ་སྒྲོག་དགོས་པའི་དོན་དངོས་འདི་རེད།


 དེང་རབས་བོད་སྐད་མིང་མཛོད་ལས་ཡོང་བའི་དམག་འཁྲུག་དང་འབྲེལ་བའི་རྒྱལ་ཁབ་ཁག་གི་མིང་དང་མཚོན་ཆ་སོགས་ཀྱི་མིང་། 


美国🇺🇸 ཨ་མེ་རི་ཁ། ཨ་རི།
俄罗斯 🇷🇺 ཨུ་རུ་སུ།
乌克兰🇺🇦 ཡུག་རེན།
法国🇫🇷 ཧྥ་རན་སི། 

英国🇬🇧 དབྱིན་ཇི།
装具 གོ་ལག
坦克 འཐབ་འཁོར།
坦克兵 འཐབ་འཁོར་དམག 

战船 འཐབ་གྲུ།


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章