རྡོ་གྲུབ་རྒན་བྱང་ཆུབ་རྡོ་རྗེས་ལོ་ཉིས་བརྒྱ་ཙམ་གྱི་གོང་རོལ་ནས་གསུངས་པའི་ལུང་བསྟན།
གསེར་རྔ་དམ་ལྷ་ཡི་བླ་ལུང་དུ།།
དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན། །
འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ། །
ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ། །
ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག །
འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ། །
དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད། །
ཅེས་པའི་ལུང་བསྟན་དུས་སུ་སྨིན་ནས་ཐེངས་མང་པོར་བོད་ཆོས་ལྡན་ཞེས་པར་མིང་དོན་མཚུངས་བའི་རྫོགས་ལྡན་གྱི་སྐལ་བཟང་འདི་འདྲ་མང་པོ་ཤར་ནས་དམ་ཆོས་ཀྱི་བགོ་སྐལ་ཕངས་མེད་དུ་བསྩལ་མྱོང་།།
སངས་རྒྱས་ཀྱི་བཀས་བསྡུས་པའི་མདོ་རྒྱུད་གཞུང་ལུགས་དཔར་པོར་བཞག་སྟེ་རྡོ་རྗེའི་གསུང་གིས་ཚིག་ཐག་བཅད་པ།
བོད་ཤིང་འབྲུག་ལོའི་བོད་ཟླ་དགུ་པ་སྟེ་སྟོན་པ་ལྷ་བབ་ཟླ་བའི་དུས་ཆེན་ཁྱད་པར་བའི་སྐབས་དང་བསྟུན་ནས་དེ་རིང་བོད་ཚེས་བཅོ་ལྔའི་ཉིན་ནས་བཟུང་ལྷ་བབ་ཟླ་བའི་ཚེས་ཉེར་བཞིའི་དགོང་མོའི་བར་དུ་འོད་མཚན་དང་ཨ་མི་དྷེ་ཝའི་དགེ་བསྐུལ་ཕྱོགས་ཡོངས་ཀྱི་དད་ལྡན་སྐྱ་སེར་ཡོངས་ལ་བྱེད་རྒྱུ་ཡིན་པས་སོ་སོས་ཅི་ནུས་ཀྱིས་འདོན་རྒྱུ་དང་གཞན་ལ་སྐུལ་མ་གནང་བར་མཁྱེན།
ཕྱོགས་སོ་སོའི་དད་ལྡན་མང་ཚོགས་རྣམས་ཀྱིས་རང་རང་གི་ཕ་ཡུལ་ནས་འོད་མཚན་དང་ཨ་མི་དྷེ་ཝ་སོགས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཚང་བའི་སྒོ་ནས་བཏོན་ཟིན་པ་དང་འདོན་ངེས་ཅན་གྱི་གྲངས་ཀ་རྣམས་གཤམ་གྱི་རེའུ་མིག་ནང་དུ་བོད་ཚེས་ཀྱི་ཟླ་བ་འདིའི་ཚེས་ཉེར་བཞིའི་ཉིན་ཚུན་ལ་མ་ནོར་བར་འགོད་ཐུབ་པ་བྱེད་རོགས། ཚེས་ཉེར་བཞིའི་ཉིན་བསྙེན་གྲངས་དག་བསྡོམས་ནས་དགེ་འདུན་འདུས་པའི་སྡེ་རིན་པོ་ཆེས་དགེ་བ་རྫོགས་བྱང་དུ་བསྔོ་རྒྱུ་རེད།
ཡང་དག་པའི་དད་པའི་སྟོབས་ཀྱིས་བདེ་བ་ཅན་དུ་སྐྱེ་ཆོག་པའི་གསུང་ཚད་མ།
མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས།
བདེ་ཆེན་ཞིང་གི་ལམ་གྲོ།
གསུང་བ་པོ། མཁན་ཆེན་འཆི་མེད་རིག་འཛིན།
ཆོས་རྗེ་འཇིགས་མེད་བླ་མས་ང་ཚོར་སྔར་ནས་སྐྱེ་རྟགས་གསུང་ཚར་འདུག།
གསུང་བ་པོ། མཁན་ཆེན་ཁྱབ་བརྡལ།
འུ་ཅག་ཚེ་འདིར་འཕྲད་པར་མ་གྱུར་ཀྱང་།།
ཕྱི་མ་བདེ་ཆེན་དག་པའི་ཞིང་མཆོག་ཏུ།།
ཚོམ་བུ་གཅིག་ཏུ་འཚོགས་པའི་སྨོན་ལམ་འདེབས།།
དགའ་བར་གྱིས་ཤིག་དད་ལྡན་ཕོ་མོ་རྣམས།
༧ངག་དབང་བློ་གྲོས་མཚུངས་མེད་ཀྱིས།
ངོ་མཚར་བདེ་ལྡན་དག་པའི་ཞིང་ཁམས་ན།།
མགོན་པོ་འོད་དཔག་མེད་ཀྱི་ངོ་བོར་བཞུགས།།
སྐྱབས་གཅིག་ཡིན་བཞིན་ནོར་བུར་གསོལ་བ་འདེབས།།
བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།།