སེང་ལྕམ་འབྲུག་མོ།
གཞས་ཚིག འཇུ་ཐུབ་བསྟན་བཀྲ་ཤིས།
གཞས་དབྱངས། སྐར་མ།
གཞས་མ། བསོད་ནམས་ཆོས་སྒྲོན།
ཟླ་བ་མཁའ་ལ་མ་ཤར།
ཁྱོད་ཀྱི་གདོང་ལ་ཤར་ཡོད།
ཨ་ཅེ་སེང་ལྕམ་འབྲུག་མོ།
ཁྱོད་ཀྱི་གདོང་ལ་ཤར་ཡོད།
ཨ་ཅེ་སེང་ལྕམ་འབྲུག་མོ།
འཛམ་གླིང་བུ་མོའི་དྭངས་རྩེ།
གླིང་དཀར་མི་ཡི་བསོད་ནམས།
ང་ཚོ་བོད་ཀྱི་བུ་མོ།
ཁུ་བྱུག་ནགས་ལ་མ་འཁྲུངས།
ཁྱོད་ཀྱི་ངག་ལ་འཁྲུངས་ཡོད།
ཨ་ཅེ་སེང་ལྕམ་འབྲུག་མོ།
ཁྱོད་ཀྱི་ངག་ལ་འཁྲུངས་ཡོད།
ཨ་ཅེ་སེང་ལྕམ་འབྲུག་མོ།
སྒང་པ་བོད་ཀྱི་སྲས་མོ།
གླིང་དཀར་མི་ཡི་བསོད་ནམས།
ང་ཚོ་བོད་ཀྱི་བུ་མོ།
ཁ་བ་རི་ལ་མ་བབས།
ཁྱོད་ཀྱི་སེམས་ལ་བབས་ཡོད།
ཨ་ཅེ་སེང་ལྕམ་འབྲུག་མོ།
ཁྱོད་ཀྱི་སེམས་ལ་བབས་ཡོད།
ཨ་ཅེ་སེང་ལྕམ་འབྲུག་མོ།
ཁ་བ་ཅན་གྱི་སྲས་མོ།
གླིང་དཀར་མི་ཡི་བསོད་ནམས།
ང་ཚོ་བོད་ཀྱི་བུ་མོ།