ཨ་འགྲིག་ཆ་འགྲིག་གོས་ཆེན་རི་མོ་རེད།།
རི་མོ་ཡག་ལ་བྱ་འབྲུག་ཁ་སྤྲོད་རེད།།
བརྩེ་བ་ཡང་འགྲིག་ཨ་ལོང་ཆ་འགྲིག་རེད།།
ཨ་ལོང་ཡག་ལ་གསེར་དངུལ་པ་ཏྲ་རེད།།
ཨ་འགྲིག་ཆ་འགྲིག་གཡུ་ཆུང་དྲུག་དཀར་རེད།།
དྲུག་དཀར་མི་འགྱུར་ཚེ་ཡི་རྒྱན་ཆ་རེད།།
བརྩེ་བ་ཡང་འགྲིག་གཡུང་དྲུང་རི་མོ་རེད།།
གཡུང་དྲུང་མི་འགྱུར་རྡོ་རྗེའི་མདུད་པ་རེད།།
ཨ་འགྲིག་ཆ་འགྲིག་སྙིང་གཏམ་གའུ་ཡིན།།
གའུ་མི་འགྱུར་སེམས་གྱི་དྲན་རྟེན་ཡིན།།
བརྩེ་བ་ཡང་འགྲིག་ག་ཡུའི་རི་མོ་ཡིན།།
རི་མོ་མ་ཉམས་འཁོར་བའི་ཁ་ཆེད་ཡིན།།
འུ་གཉིས་འགྲིག་པ་འཁོར་བའི་མེ་ཏོག་ཡིན།།
འཁོར་བའི་མེ་ཏོག་སེམས་ཀྱི་ཟུང་ཁྲག་ཡིན།།
ཆ་འགྲིག་སེམས་པ་འོ་མའི་མཚོ་མོ་ཡིན།།
མཚོ་མོའི་རྒྱན་ཆ་ངང་པ་ཆ་གཅིག་ཡིན།།