ལས་ཀྱི་སྤུན་ཟླ།
ཚིག ལྷོ་ཚང་བརྩོན་འགྲུས།
དབྱངས། དཔལ་ལྡན་ཚུལ་ཁྲིམས།
ལེན་མཁན། སྐལ་བཟང་འགུ་རུ།
རྩྭ་ཐང་གི་མེ་ཏོག་མཐུ་རོགས
གཙང་གཞུང་གི་མཆོད་ཆུ་ལེན་རོགས
རི་མགོ་ནས་ཀི་བསྭོ་འདེབས་རོགས
ལུང་མདོ་ནས་སྐོར་བྲོ་རྡུང་རོགས
ལས་ཀྱི་སྤུན་ཟླ སེམས་ཀྱི་གྲོགས་པོ
སྡུག་ཉེར་དགུའི་མཚན་མོ་འདྲ་དུས
ཁྱོད་བཅོ་ལྔའི་ཟླ་བ་བཞིན་ཚེས་འོང་ཞིང
སྐྱིད་རྟ་བདུན་དབང་པོ་འདྲ་དུས
ཁྱོད་འོད་ཀྱི་ཟེགས་མ་བཞིན་འཕྲོ་འོང
ནས་ཆང་གི་མཆོད་ཁ་འབུལ་རོགས
བཀྲ་ཤིས་ཀྱི་ཁ་བཏགས་བཏེགས་རོགས
གཡང་སྒོ་བཞི་ཕྱུག་གི་རྫི་རོགས
འགྲོས་ཅང་ཤེས་རྟ་ཕོ་ཞོན་རོགས
ལས་ཀྱི་སྤུན་ཟླ སེམས་ཀྱི་གྲོགས་པོ
ས་སྟོང་ཐང་ལམ་ལ་ཞུགས་ན
གཏམ་སྙན་མོས་ལམ་ཐག་ཁྱོད་ཀྱིས་བཅད
རུ་སྡེ་བའི་འགྲུལ་པ་བྱས་ན
ཟས་ཞིམ་པོས་མགྲོན་བསུ་ཁྱོད་ཀྱིས་བྱེད
ལས་ཀྱི་སྤུན་ཟླ་དང་། སེམས་ཀྱི་གྲོགས་པོ་དེ་ཁྱོད་ཡིན།