རྐང་ཚ་རྫོང་གིས་དམངས་ཚིས་བདེ་སྐྱིད་བསྐྲུན་པར་རོགས་འདེགས་བྱས།

政务   2024-09-12 16:36   青海  

རྐང་ཚ་རྫོང་གིས་སྨན་བཅོས་འགན་བཅོལ་ཞབས་ཞུ་འཛུགས་སྐྱོང་བྱས་ཏེ་དམངས་ཚིས་བདེ་སྐྱིད་བསྐྲུན་པར་རོགས་འདེགས་བྱས།

ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས“སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞིའི”ལས་དོན་སྤེལ་བ་ལྟེ་བར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་སྒྲོག་ཡག་པོ་བྱེད་པ་དང་།    ལས་སྒོ་སྒྲུབ་གཉེར་ལས་དོན་ཡག་པོ་སྒྲུབ་པ།    སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ཏན་ཏིག་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ཤུགས་བསྣན་ནས་སྨན་བཅོས་འགན་བཅོལ་ཞབས་ཞུའི“ཚངས་ཕྱེད་ཐུང་ཤོས”བཏོད་དེ་ཞབས་ཞུ་ཚད་ལྡན་ཅན་དང་།    གནད་སྨིན་ཅན།    གོ་ཆོད་རང་བཞིན་ཅན་བཅས་ལ་སྐུལ་འདེད་བཏང་།

སྨན་བཅོས་འགན་བཅོལ་ཞབས་ཞུའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐོག   རྣམ་པ་མང་པོའི་སྒོ་ནས་སྲིད་ཇུས་སྒྲོག་སྤེལ་བྱེད་པ།    “དྲ་ཐོག་དང་དྲ་ཕྱི” ཟུང་འབྲེལ་གྱིས་དྲིལ་སྒྲོག་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་བརྒྱུད་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་སྒྲོག་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ། ཕན་འབྲས་དངོས་ཐོན་སྒོས་སྐུལ་འདེད་བཏང་སྟེ་སྨན་བཅོས་འགན་བཅོལ་གྱི་དྲིལ་སྒྲོག་ལས་དོན་དེ་མང་ཚོགས་དང་སྔར་བས་འདྲིས་ཐུབ་པ་དང་དེ་བས་ཀྱང་དྲོ་སྐྱིད་ལྡན་པ་ཞིག་ཡོང་བ་བྱས། མིག་སྔའི་བར། སྲིད་ཇུས་སྒྲོག་འགྲེལ་ཐེངས10བྱས་པར་མང་ཚོགས་མི་ཐེངས500ལྷག་ཙམ་ལ་ཕན་ཐོགས་བྱུང་བ་དང་།  འཕྲེད་འགེལ་སྦྱར་ཡིག8བཀལ་ལ།  དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་ཡིག་ཆ1500ལྷག་ཙམ་བཀྲམ།    སྤྱི་སྟེགས་སུ་ཁྱོན་ཆ་འཕྲིན252ཡོངས་བསྒྲགས་བྱས་པ་དང་། ལྟ་ཀློག་བྱེད་ཚད་མི་ཐེངས9000ལྷག་ཙམ་ཟིན་ལ།   བརྒྱུད་འགོད་བྱེད་ཚད་མི་ཐེངས500ལྷག་ཙམ་ཟིན་ཡོད་པ་རེད།     

དཔུང་ཁག་གི་ཕན་ནུས་ཆེ་རུ་འགྲོ་རྒྱུར་དམ་འཛིན་ནན་མོ་བྱས་ཏེ་བྱ་ཐབས་ཆེན་པོའི་ཐོག་ནས་ཞབས་ཞུའི་ཆུ་ཚད་ཇེ་ལེགས་སུ་བཏང་སྟེ། “དྲ་ཐོག་དང་དྲ་ཕྱི” ཟུང་འབྲེལ་གྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི“ཕྱོགས་བསྡུས་སྒྲོམ་ཞབས་ལམ་ལུགས”ཁྱབ་གདལ་བཏང་ནས། ཞབས་ཞུའི་སྔོན་གྱི“ཞབས་ཞུ་སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པ”དང་།   རྒྱབ་སྟེགས་ནས་ཁག་བགོས་མཉམ་སྒྲུབ་བྱེད་པ།   “གཅིག་འཐུས་རྣམ་པ”ཡི་ཞབས་ཞུ་བཅས་མངོན་འགྱུར་ཡོང་བ་བྱས། དེ་དང་ཆབས་ཅིག  ལས་སྒྲུབ་དུས་བཅད་ཇེ་ཐུང་དུ་གཏོང་བ་དང་རེ་ཞུའི་དཔྱད་ཡིག་སྟབས་བདེ་རུ་གཏོང་བ། ཁྱོན་ཡོངས་ནས་གཞི་གྲངས་གོང་རིམ་དུ་གཅིག་སྡུད་དང་ཞབས་ཞུའི་རྣམ་པ་གཏན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མིག་སྔའི་བར། སྨན་བཅོས་འགན་བཅོལ་གཉེར་སྐྱོང་ཞབས་ཞུ་ལྟེ་གནས་ཀྱིས་བློ་འདྲི་སྣ་ཚོགས་བདག་སྤྲོད་བྱེད་ཚད་ཁྱོན་མི་ཐེངས2600ལྷག་ཙམ་ཟིན་པ་དང་།     གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་གཅོང་ནད་ཀྱི་ཐོ་འགོད་སྙན་སེང་མི་གྲངས609ཟིན་པ་དང་མི་ཐེངས3810སྡོམ་རྩིས་བརྒྱབ།   གྲོང་རྡལ་དང་ཡུལ་ཚོའི་སྡོད་དམངས་ཀྱི་གཅོང་ནད་ཐོ་འགོད་སྙན་སེང་མི་གྲངས89ཟིན་པ་དང་མི་ཐེངས2649སྡོམ་རྩིས་བརྒྱབ། ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་མཁན་གྱི་གྲོང་རྡལ་དང་ཡུལ་ཚོའི་ལས་བཟོ་བའི་ཐོ་འགོད་སྙན་སེང་ཞུས་པའི་མི་གྲངས111ཟིན་པ་དང་མི་ཐེངས5776ལ་ཐད་ཀར་སྡོམ་རྩིས་བརྒྱབ། གྲོང་རྡལ་དང་ཡུལ་ཚོའི་སྡོད་དམངས་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པར་ཐོ་འགོད་སྙན་སེང་བྱས་པའི་མི་གྲངས84ཡོད་པ་དང་མི་ཐེངས395ཐད་ཀར་སྡོམ་རྩིས་བརྒྱབ།

ཉེན་ཁ་སྔོན་འགོག་ཚོད་འཛིན་བྱས་ཏེ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་མ་ལག་སྔར་བས་་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། གཟབ་ནན་ནུས་ལྡན་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཟོན་ཐེབས་རྩ་ཧམ་བཟུང་གཞན་སྤྱོད་དང་། རྩིས་ཐོའི་དངུལ་ཆད་འགྱངས་སྔོན་འགོག་བྱེད་པ། མགོ་སྐོར་གཡོ་ལེན་བཅས་ཀྱི་དོན་ཆེན་གསུམ་ལ་རྡུང་རྡེག་ནན་པོ་བཏང་ནས།   སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་སྒྲོམ་གཞི་རྒྱུན་ཆད་མེད་པར་ཚགས་དམ་དུ་བཏང་། མིག་སྔར། ཁྱོན་ཞིབ་བཤེར་ཐེངས6བྱས་ནས་རྫོང་ཁོངས་ནང་ཁུལ་གྱི“གཏན་འཁེལ་གཉིས”ཀྱི་སྨན་བཅོས་སྒྲིག་གཞི19ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་གྲོས་ཚོགས་ཐེངས8དང་། གསོ་སྦྱོང་ཚོགས་འདུ་ཐེངས1འཚོགས།   


ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/格日加布

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章