ལས་འཁྱུར་ངལ་གསོའི་དུས་ཚོད་ནར་འགྱངས་གཏོང་དགོས་དོན་ཅི་ཡིན་ནམ་་་

政务   2024-09-12 15:52   青海  



སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པས་ཚེས10ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཡོད། དེའི་ནང་ཚོགས་འདུའི་ཐོག་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་གཞིར་གྲོས་ཞིབ་བྱས་པ་རེད། བཅོས་བསྒྱུར་འདི་ལག་བསྟར་བྱ་དགོས་དོན་ཅི་ཡིན་པ་དང་། བཅོས་བསྒྱུར་ལག་བསྟར་བྱེད་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་གང་འདྲ་ཞིག་ཡིན་ནམ་ཞེ་ན།

ཆེད་མཁས་པས། བཅོས་བསྒྱུར་གྱི་དམིགས་ཡུལ་གཙོ་བོ་ནི་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གཅོག་རྒྱུ་དེ་རེད་ཅེས་གསུངས།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་གཏོང་རྒྱུ་དེ་ལག་བསྟར་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ནང་། “ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་གཏོང་རྒྱུ”དེ“མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི”ལེའུ་ནང་བཀོད་ཡོད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་མི་འབོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞབས་ཞུ་སྒྲུབ་པའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ལ་བཀོད་སྒྲིག་བྱས་ཏེ། “རང་མོས་དང་བབ་བསྟུན་གྱི་རྩ་དོན་ལྟར། ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་གཏོང་བའི་བཅོས་བསྒྱུར་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།  ཆེད་མཁས་པས། དེའི་ཐོག་ནས་ཀྱང་བཅོས་བསྒྱུར་གྱི་དམིགས་ཡུལ་གཙོ་བོ་ནི་རང་རྒྱལ་གྱི་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གཅོག་ཆེད་ཡིན་པ་མཚོན་གྱི་ཡོད་ཅེས་གསུངས།

ཀྲུང་གོ་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་སྤྱི་ཚོགས་འཐབ་ཇུས་འཆར་འགོད་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཀོན་པོ་ཡིས། མིག་སྔར་མི་འབོར་རྒན་རྒོན་ཅན་དུ་འགྱུར་བ་དེ་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མི་འབོར་གྱི་སྤུས་ཚད་མཐོ་བའི་རྒྱབ་ལྗོངས་འོག སྤྱི་ཚོགས་ཀྱི་ངལ་རྩོལ་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱས་ནས་རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་བྱེད་ཚད་དེ་སྔར་བས་འཚམ་ཤོས་ཀྱི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། མི་འབོར་གྱི་སྔོན་དཔག་ཚེ་ཚད་རིང་དུ་ཕྱིན་པ་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་ཕྱིན་པ། ལྷག་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་ལེགས་སུ་ཕྱིན་པ་བཅས་ཀྱིས་ངལ་རྩོལ་ནུས་ཤུགས་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ཟུང་འབྲེལ་བྱེད་སྟངས་ལ་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། དེ་དག་ཚང་མས་དེ་མཚུངས་ཀྱི་སྲིད་ཇུས་ལེགས་སྒྲིག་བྱེད་པར་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་སྲིད་ཇུས་ལ་རེ་བ་མཁོ་འདོན་བྱས་ཡོད་ཅེས་གསུངས།

2035ལོའི་ཡས་མས་སུ་རང་རྒྱལ་འདི་ཉིད་རྒན་རྒོན་ཅན་ཚབས་ཆེ་བའི་དུས་མཚམས་སུ་སླེབས་རྒྱུ།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའིགཏན་འབེབསནང་། “ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་གཏོང་རྒྱུའི”ནང་དོན་ཚང་མ་མི་འབོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཆ་ཤས་ནང་བཞག་ཡོད། འོ་ན། རང་རྒྱལ་གྱི་མི་འབོར་སྤྱིའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་རྒན་རྒོན་ཅན་དུ་འགྱུར་ཚད་ལ་འགྱུར་ལྡོག་གང་དག་བྱུང་ཡོད་དམ་ཞེ་ན།

ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ། རང་རྒྱལ་གྱི་སྤྱིའི་མི་འབོར་གྱི་གཞི་ཁྱོན་དུང་ཕྱུར5.4ཡོད་པ་དང་། 2023ལོའི་བར་སྤྱིའི་མི་འབོར་དུང་ཕྱུར14.1ཟིན་ཡོད། མི་འབོར་གྱི་གྲངས་འབོར་སྤྱིའི་ཆ་ནས་མགྱོགས་མྱུར་འཕར་བ་དང་དུས་མཚུངས། མི་འབོར་གྱི་འཕེལ་རྒྱས་ཀྱང་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་གཉིས་ལས་བསྒྲོལ་ཡོད་དེ།

གཅིག་ནི་ཕྲུ་གུ་སྐྱེས་པའི་གནས་ཚུལ་ལ་བལྟས་ན། 2022ལོ་ནས་བཟུང་ཀྲུང་གོར་མི་འབོར་ལྡོག་འཕར་བྱུང་བ་དང་། 2023ལོར་ལྡོག་འཕར་གྱི་རྣམ་པ་རྒྱུན་མཐུད་ཡོད།

གཉིས་ནི་ལོ65དང་དེ་ཡན་གྱི་མི་འབོར་གྱིས་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད་དེ2021ལོར14.2%ཟིན་ཡོད་པ་རེད།

རྒྱལ་སྤྱིའི་ཐོག་གི་སྤྱིར་བཏང་དབྱེ་སྟངས་ལྟར་ན། 2000ལོར་ཀྲུང་གོ་འདི་ཉིད་རྒན་རྒོན་ཅན་དུ་འགྱུར་ཚད7%གྱི་ཐོག་ནས་རྒན་རྒོན་ཅན་གྱི་སྤྱི་ཚོགས་སུ་སླེབས་རྗེས། རྒན་རྒོན་ཅན་དུས་མཚམས་སུ་སླེབས་ཚད་འབྲིང་ཙམ་ལ་སླེབས་པ་མཚོན་ཡོད། སྔོན་དཔག་བྱས་པར་གཞིགས་ན། 2035ལོའི་ཡས་མས་སུ། ལོ60དང་དེ་ཡན་གྱི་རྒན་རྒོན་དུང་ཕྱུར4ལས་བརྒལ་ནས་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད་30%ལས་བརྒལ་ཏེ། རྒན་རྒོན་ཅན་ཚབས་ཆེ་བའི་དུས་མཚམས་སུ་སླེབས་རྒྱུ་ཡིན་པ་རེད། 2050ལོའི་སྔ་རྗེས་སུ། རང་རྒྱལ་གྱི་རྒན་རྒོན་མི་འབོར་གྱི་གཞི་ཁྱོན་དང་བསྡུར་ཚད་མཐོ་ཤོས་སུ་སླེབས་རྒྱུ་རེད།

ཀྲུང་གོ་མི་དམངས་སློབ་ཆེན་ངལ་རྩོལ་མི་དོན་སློབ་གླིང་གི་འགོ་འཛིན་ཀྲའོ་ཀྲུང་གིས། ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལམ་ལུགས་དེ་དུས་རབས20པའི་ལོ་རབས50པར་གཏན་འཁེལ་བྱས་རྗེས། དོན་དངོས་ཐོག་ལེགས་སྒྲིག་དང་འགྱུར་ལྡོག་ཆེན་པོ་བྱུང་མེད། སྐབས་དེའི་མི་འབོར་གྱི་གནས་ཚུལ་དང་དཔལ་འབྱོར་འཕེལ་རྒྱས་ལ་གཞིགས་ནས་བཟོས་པའི་སྲིད་ཇུས་མ་ལག་དེ་ད་ལྟའི་མི་འབོར་གྱི་གྲུབ་ཆ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ཐ་དད་དུ་གྱུར་ཡོད་ཅེས་གསུངས།

དོན་དངོས་ཐོག རྒན་རྒོན་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་དགེ་མཚན་ལྡན་པའི་འགྱུར་ལྡོག་ཅིག་ལས་བྱུང་བ་སྟེ། མི་འབོར་གྱི་སྔོན་དཔག་ཚེ་ཚད་ཆེས་ཆེར་མཐོ་རུ་སོང་བ་དེ་རེད། 2023ལོར། ཀྲུང་གོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ78.6ཟིན་ནས། བདེ་ཐང་གི་སྔོན་དཔག་ཚེ་ཚད་ཏེ། གཟུགས་པོ་བདེ་ཐང་ཡིན་པའི་ཐོག་ནས་འཚོ་གནས་བྱེད་པའི་ལོ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། དེས་མ་ཚད། ཚན་རྩལ་གོང་འཕེལ་བྱུང་བ་དང་དཔལ་འབྱོར་གྱི་གྲུབ་ཚུལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ཤེད་ཤུགས་ཁོ་ནར་བརྟེན་པའི་ངལ་རྩོལ་བྱེད་ཚད་ཇེ་ཉུང་དུ་ཆེས་ཆེར་སོང་ཡོད་ཅིང་། ཤེས་ཡོན་དང་ནུས་རྩལ་ཅན་གྱི་ལས་གནས་དེ་བས་མང་བ་ཡོད་པས། དེས་ལས་ཀ་བྱེད་པའི་དུས་ཡུན་རིང་དུ་གཏོང་ཐུབ་པའི་ཐད་ཆ་རྐྱེན་དེ་བས་མང་བ་བསྐྲུན་ཡོད།  

ཀྲུང་གོ་མི་དམངས་སློབ་ཆེན་ངལ་རྩོལ་མི་དོན་སློབ་གླིང་གི་འགོ་འཛིན་ཀྲའོ་ཀྲུང་གིས། སྔོན་དཔག་ཚེ་ཚད་རིང་དུ་ཕྱིན་པ་དེའི་ཐོག་ནས་མུ་མཐུད་ཐོན་སྐྱེད་དང་ལས་གཉེར་བྱེད་སྒོའི་ནང་ཞུགས་ཆོག་པའི་ལོ་ཚད་ཀྱང་རིང་དུ་ཕྱིན་པ་མཚོན་གྱི་ཡོད། ལམ་ལུགས་རང་བཞིན་གྱི་བསྒྱུར་བཅོས་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་ཐུབ། དོན་དངོས་ཐོག་རྒྱལ་ཁབ་ཅིག་གི་སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་སྤེལ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章