མི་ངོ་སྲུང་བ་ལས་ཁྱི་ངོ་སྲུང་བ་དགའ། མཁན་པོ་ཚེ་བརྟན་མཆོག་ནས།

文化   2024-04-05 20:51   西藏  

མི་ངོ་སྲུང་བ་ལས་ཁྱི་ངོ་སྲུང་བ་དགའ།

   ང་འདྲ་ཡིན་ན་མི་ངོ་སྲུང་བ་ལས་དཀའ་བ་ཞིག་གཏན་ནས་མི་འདུག ཡར་ཡོང་ཟེར་ན་ཡར་འགྲོ། མར་ཤོག་ཟེར་ན་མར་ཡོང་། དེ་ལྟ་ཉིན་བརྒྱ་ལ་སོང་ཡང་། ཉིན་ཞིག་སྐར་ལྔ་ཡི་ཐོག་ཏུ་ཤོག་ལབ་ཀྱང་ཁྱོད་རང་སྐར་མ་དྲུག་འགོར་སོང་ཟེར་ནས་ཕ་རོ་མ་རོ་འདོན་ཡོང་ཞིང་དེ་སྔོན་སོང་ཚད་ཚང་མ་སྡུག་གྱོང་རེད་ཚར་ཡོད་རེད། དེ་ལས་ཁྱི་ཞིག་གི་ངོ་སྲུང་ན་དགའ་རེད། 

ཁྱི་ཞིག་དང་པོ་འདྲིས་ཚར་དུས་ལོ་བཅུ་འགོར་རུང་རྡོ་རྒྱབ་ན་ད་དུང་ཡང་ཚུར་སྔུན་དུ་ཐོན་ཡོང་བ་རེད། དེས་ན་ངོ་སྲུང་དགོས་ན་ཁྱི་ངོ་སྲུང་བ་ལས་དགའ་བ་མེད་པ་དང་། ངོ་སྲུང་དགོས་ན་མི་ངོ་སྲུང་བ་ལས་དཀའ་བ་མེད་པའོ།།རྒྱལ་སྲས་ལག་ལེན་དུའང་མཛའ་བཤེས་དང་སྦྱིན་བདག་གི་ཁྱིམ་ལ་ཆགས་པ་སྤོང་ཞེས་གསུངས་ཡོད།


高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章