༄༅། །རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན་ནོ། །

文化   三农   2024-04-27 10:32   西藏  





༄༅། །འཕགས་མ་སྒྲོལ་མ།

ལྕམ་པ་ཧ་ལོ།


གདོད་མའི་མགོན་པོ་ཀུན་བཟང་ཆོས་ཀྱི་སྐུ། །

རིགས་ལྔའི་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །

ཤཱཀྱ་ཐུབ་པ་མཆོག་གྱུར་སྤྲུལ་པའི་སྐུ། །

ཀུན་ཀྱང་གཅིག་བསྡུས་བླ་མའི་སྐུ་ལ་འདུད། །


མ་ལུས་རྒྱལ་བའི་ཀུན་ཡུམ་ཤེར་ཕྱིན་མ། །

ཡི་དམ་མོ་རྒྱུད་རྡོ་རྗེ་རྣལ་འབྱོར་མ། །

ཡེ་ཤེས་མཚོ་རྒྱལ་ལ་སོགས་མ་ལུས་མ། །

བསྟན་འགྲོའི་དོན་ལ་ཀུན་ཀྱང་མཆོག་ཉིད་མ། །


ཉ་གང་མདོག་ཅན་ཨོཾ་མཛད་ཏཱ་རེ་མ། །

འཇའ་འོད་དྲྭ་ཡི་ཏུཏྟཱ་རེ་འཁྱུད་མ།  །

མྱུར་སྐྱོབ་ཕོངས་སྐྱོབ་ལེགས་སྦྱིན་ཏ་རེ་མ།  །

ཏིང་འཛིན་རོ་རྒྱའི་མཉམ་བཞག་སྭ་ཧཱ་མ། །


ལྟ་བས་མི་ངོམས་ལྗང་མདོག་སྐྱབས་སྦྱིན་མ། །

པདྨའི་གདན་སྟེང་གཡས་རྐྱང་གཡོན་སྐུམ་མ། །

བདེ་སྟོང་བཅུད་ཀྱི་མྱོས་པའི་གར་མཁན་མ། །

ས་གསུམ་མུན་པའི་སྒྲོན་མེར་ལྷ་མཆོག་མ། །


སྐུ་མདོག་ཕྱག་མཚན་ཉེར་གཅིག་གྲངས་ལྡན་མ། །

སྨན་ཤར་མཛེས་མའི་སྤྱི་ཕུད་ནང་སྙིང་མ། །

ནག་པོའི་རྩ་ལག་འཇོམས་པའི་ཕོ་ཉ་མ། །

ཞིང་སྔགས་ལྷན་ཅིག་སྐྱེས་པའི་ཌཱ་ཀི་མ། 


མཁྱེན་བརྩེ་ནུས་པའི་མངའ་བདག་དབང་ཕྱུག་མ། །

གསོལ་འདེབས་བུ་ལ་དངོས་གྲུབ་མྱུར་སྩོལ་མ། །

སྤྱི་དང་བྱེ་བྲག་སྐྱེ་རྒུའི་འཇིགས་སྐྱོབ་མ། །

ཡང་སྒོས་ཁ་བའི་ལྗོངས་ཀྱི་མ་གཅིག་མ། །


གྲུབ་པའི་ས་ཐོབ་བྱེ་བའི་གཙུག་རྒྱན་མ། །

གཞན་སེམས་མཁྱེན་པའི་མངོན་ཤེས་སྤྱན་ལྡན་མ། །

ཐུགས་རྗེའི་རླབས་དཀར་རྐྱོང་བའི་རྗེ་བཙུན་མ། །

ཡང་ཡང་འབོད་པར་ཐལ་སོང་བརྩེ་བའི་མ། །








高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章