ཁ་པར་ཞིག་གི་ལུག་རྫི་དང་ཕྱུག་རྫི་བྱེད་ཐུབ་པ་ངོ་མ་ཡ་མཚན་རང་རེད།

文化   2024-08-05 21:53   西藏  

   2018ལོར། རང་རྒྱལ་གྱིས་ཞིང་ཆེན་12ལ་5G དྲ་བ་ཚོད་ལྟའི་ཚུལ་གྱིས་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། སི་ཁྲོན་རྔ་བ་ཁུལ་ཡང་ཚོད་ལྟ་བྱེད་ཡུལ་གྱི་ཁོངས་སུ་ཚུད་ཡོད།  

    5G ཡིས་ང་ཚོའི་དྲ་བའི་མྱུར་ཚད་ལྡབ་འགྱུར་གྱིས་མགྱོགས་སུ་གཏོང་ཐུབ་པ་སྟེ། དཔེར་ན་4G ཡིས་སྐར་མ་6ཙམ་སྤྱད་ནས་ཕབ་ལེན་བྱེད་དགོས་པའི་གློག་བརྙན་ཞིག་5Gཡིས་སྐར་ཆ་3ནང་ཕབ་ལེན་བྱེད་ཐུབ་པ་ལྟ་བུ་ལས་གཞན།   དེ་ལ་བརྟེན་ནས་ད་དུང་ང་ཚོའི་འཚོ་བའི་ཁྲོད་བསམ་ཡུལ་ལས་འདས་པའི་འགྱུར་བ་འབྱུང་སྲིད་པ་སྟེ། དཔེར་ན་ཉེ་ལམ་རྔ་བ་ཁུལ་ཁྱུང་མཆུ་རྫོང་དུ་5G ཡི་རྫི་བོ་བྱུང་ཡོད་ཅིང་། 5G ལག་རྩལ་ལ་བརྟེན་ནས་ཕྱུག་ཟོག་སྦྲ་གུར་ནང་བསྡད་དེ་འཚོ་ཐུབ་པ་མངོན་དུ་གྱུར་ཡོད་ལ། འབྲོག་པའི་ལས་ཀ་ལྡབ་འགྱུར་གྱིས་ཡང་དུ་བཏང་ཡོད།      ཕྱུག་ཟོག་གི་ལུས་ཐོག་ཏུ་བརྡ་རྟགས་བསྡུ་ལེན་ཆས་ཤིག་བཏགས་ན། ཕྱུག་ཟོག་དེ་གང་དུ་ཡོད་པ་སོགས་ཁ་པར་ལས་ཤེས་ཐུབ་པ་མ་ཟད། གལ་ཏེ་རྐུན་མས་བརྐུས་ན་ཡང་ཁ་པར་ལས་ཉེན་བརྡ་གཏོང་ཡོང་བ་རེད།  

   མ་འོངས་པར། 5Gདྲ་བ་གྲོང་ཁྱེར་ཆེ་ཁག་ལ་ཁྱབ་ཐུབ་པ་མ་ཟད། ད་དུང་ཐག་རིང་ལུང་ཁུག་ཏུ་ཡང་འབྲེལ་མཐུད་ཐུབ་པས་མི་མང་པོར་ཕན་པ་ཆེན་པོ་ཐོགས་སྲིད།    

  5Gཞེས་པ་ནི་རབས་ལྔ་བའི་སྤོ་འགུལ་འཕྲིན་གཏོང་ལག་རྩལ་ལ་གོ་ཞིང་། དེ་ལ་བརྟེན་ནས་དྲ་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་ད་ལྟ་མངོན་དུ་འགྱུར་མ་ཐུབ་པ་སྟེ་དཔེར་ན་སྨན་པས་ནད་པར་ས་ཆ་གཞན་ཞིག་ནས་གཤག་བཅོས་བྱེད་ཐུབ་པ་སོགས་བསམ་ཡུལ་ལས་འདས་པའི་དོན་མང་པོ་ཞིག་མངོན་དུ་གྱུར་ནས།  མ་འོངས་པའི་འཚོ་བ་སྔར་ལས་ལྷག་པའི་སྟབས་བདེ་དང་ངོ་མཚར་ཅན་དུ་འགྱུར་ངེས། 

高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章