རྗེས་དྲན་མིག་ཆུའི་ཐིགས་ཕྲེང་། རྩོམ་འབྲི་མ། ཇོ་མོ་རེ་དོགས་པདྨ།

文化   2024-01-28 07:38   西藏  

རྗེས་དྲན་མིག་ཆུའི་ཐིགས་པ།

མཚན་མོ་དེ་ནམ་མཁའི་ཁམས་སུ།།

བསིལ་འཇམ་གྱི་དུང་ཟླ་ཤར་འདུག།

སྐར་ཚོགས་དག་སྤྲོ་དགའི་ངང་ནས།།

བཞད་གད་ཀྱི་དཔལ་ལ་རོལ་འདུག།

རི་རྩེ་གྱི་འཇག་མ་སྐྱ་བོས།།

རྗེས་དྲན་གྱི་མིག་ཆུའི་ཐིགས་པ།།

ཙག་རླུང་ལྟར་བར་མེད་སྡང་དུས།།

སེམས་ཉིད་དུ་གྲང་རེག་ལྕི་སོང་།།

ལས་དབང་གི་འགྲོ་འདུག་བར་ནས།།

རྐྱང་ལམ་དེ་བཙན་གྱིས་དེད་ནས།།

བཅོས་མེད་ཀྱི་སེམས་དབུས་ངོས་སུ།།

ཁྱེད་སྐུ་ཡི་མཚན་དཔེའི་གཟུགས་སྐུ།།

ལྷང་ལྷང་ངང་ཡིད་ལ་དྲན་དུས།།

ཐུགས་རྗེ་ཡི་སྣང་བ་སྩོལ་རོགས།།

བྱིན་རླབས་ཀྱི་ཚན་ཁ་གནང་རོགས།།

རྩོམ་སྒྲིག་མ།   རེ་དོགས་པདྨ་ནས།   ༢༠༡༨  བོད་ཟླ་༡༢  ཚེས་པ་༡༨  ཉིན་གངས་རིའི་ཁྲོད་ཀྱི་འཇམ་དབྱངས་གཉིས་པ་ཀུན་མཁྱེན་ཀློང་ཆེན་པ་དྲི་མེད་འོད་ཟེར་མཆོག་བསམ་ཡས་འཆིམ་བུ་ནགས་ཀྱི་དབེན་ཁྲོད་དུ་ཡ་མཚན་དུ་བྱུང་བའི་རྟགས་མཚན་མང་པོ་དང་བཅས་སྤྱི་ལོ་   ༡༣༦༣  ལོར་བདེ་བར་གཤེགས་ནས་ད་བར་དུ་ལོ་གྲངས་  ༦༥༥  སོང་བའི་དུས་དྲན་ཁྱད་པར་ཅན་གྱི་ཉིན་རེ་དོགས་པདྨ་ནས་རྗེས་དྲན་དུ་ཕུལ།།

高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章