ཡ་ཆེན་ཇོ་མོའི་བྲིས་པའི་གཏེར་གསར་བླ་བརྒྱུད་ཞལ་ཐང་ཆ་ཚང་།

文化   2024-07-20 09:51   西藏  

༄༅། །དེ་ཡང་ཡོངས་གྲགས་སུ་གཏེར་སྟོན་བརྒྱ་རྩའི་གཏེར་ཆོས་རིན་ཆེན་གཏེར་མཛོད་ཆེན་པོ་འདི་ཉིད་ནི་མཁྱེན་ཀོང་མཆོག་གསུམ་ཀྱིས་ལོ་ངོ་བརྒྱ་ཕྲག་གོང་བསྡུ་སྒྲིག་མཛད་ཏེ་བསྟན་འགྲོའི་མགོན་དུ་བཞུགས་ནའང་། བགྲང་བྱ་ཉིས་བརྒྱའི་གོང་ནས་ད་བར་གྱི་རྟོགས་པའི་ཡོན་ཏན་བླ་ལྷག་དུ་སོང་བའི་གཏེར་སྟོན་ཚད་ལྡན་མང་དག་ཞིག་གི་གཏེར་ཆོས་ནི་དུས་ཀྱི་མར་གཤམ་འདིར་དབང་ལུང་གི་རྒྱུན་ཆད་ཏེ་ནུབ་པའི་དུས་མཚམས་འདིར། ལྕགས་ཁུངས་གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱི་གཏེར་ལུང་ལས། སྨད་ནས་ནམ་སྙིང་སྤྲུལ་པ་འབྱུང་༔ གཏེར་ཆོས་རྣམས་ལ་ཞིག་གསོ་བྱེད༔ ཞེས་སོགས་སྔོན་བྱོན་སྐྱེས་ཆེན་མང་པོའི་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར་བླ་མ་ནམ་མཁའི་སྙིང་པོ་མཆོག་གིས་གཏེར་གསར་ཆོས་མཛོད་ཆེན་མོ་འདི་ཉིད་བཀའ་བསྡུ་ཞིག་གསོ་མཛད་ཏེ་དབང་ལུང་རྒྱུན་མ་ཆད་པར་བྱུང་བའི་རྟེན་འབྲེལ་བཟང་པོ་འགྲིག་པའི་དུས་འདིར། ཡ་ཆེན་བཟོ་རིག་སློབ་མ་ཚོས་རྒྱལ་བའི་བསྟན་པ་རིན་པོ་ཆེེའི་ལུང་རྟོགས་གཉིས་པོར་བཤད་སྒྲུབ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བྱེད་ཞོར་དུ་གཏེར་གསར་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་ཐང་འབྲི་བའི་བསོད་ནམས་ཀྱི་འོད་སྣང་བཟང་པོ་ཐོབ་པ་སྙིང་ལ་བཅངས་ཏེ་མེ་ཏོག་ཆུང་རུང་མཆོད་པའི་དཔེ་ལྟར་བླ་མ་རྒྱལ་བ་སྲས་བཅས་ལ་མཎ་ཊལ་གྱི་ཚུལ་དུ་བྲིས་པ་གཤམ་གསལ། 

གངས་ཅན་ཁ་བའི་ལྗོངས་སུ་བཙུན་མ་རབ་ཏུ་བརྗིད།། གཞུང་དང་རིག་གནས་ནང་བྱན་ཆུད་པ་ཤིན་ཏུ་མང་།། ཡོན་ཏན་ཕྱུག་ཀྱང་ཕྱི་ལ་མ་བསྒྲགས་ཡུན་རིང་བགོར།། ད་ལྟ་ཕྱོགས་བཅུར་ཁྱད་ཆོས་ངོམ་པས་ཡིད་སེམས་སྤྲོ།།


高原尼姑网站
࿐སྐུ་ཉིད་མཐོ་སྒང་ཇོ་མོའི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🌻
 最新文章