巷欠才让 卡罗加丨泽库地区《格萨尔》文化的田野调查

文摘   2024-10-11 07:33   青海  




ཡོང་ཁུངས། མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ། 2024ལོའི་དེབ་གཉིས་པ།

རྩོམ་པ་པོ་ངོ་སྤྲོད།


དབང་ཆེན་ཚེ་རིང་། སྨྱུག་མིང་ལ་ཆབ་འགག་ཇོ་རུ། མདོ་སྨད་ཆབ་འགག་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེ་མོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་སྤྱི་ཚོགས་ཚན་རིག་ཁག་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་པའི་མཐུན་ཚོགས། ཀྲུང་གོ་དམངས་སྲོལ་སློབ་ཚོགས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སློབ་ཚོགས་སོགས་རིག་གཞུང་ཚོགས་པ15ཡི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་དཔེ་སྐྲུན་གསལ་འབྱེད་ཆེད་མཁས་མཛོད་ཀྱི་ཆེད་མཁས་པ་སོགས་ཀྱི་འགན་ཁུར་ཡོད། ཀྲུང་གོའི་མི་རིགས་ཚགས་པར་སོགས་གསར་འགྱུར་སྨྱན་བྱད་ལས་ཁུངས3གསུམ་གྱི་གདན་ཞུ་གསར་འགོད་པ་ཡིན། ད་ལྟའི་བར་དུ་ལས་གཞི22ལ་མགོ་འཛིན་དང་རོགས་སྒྲུབ་ཞིབ་འཇུག་བྱས་ཤིང་། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི4དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རོགས་དངུལ་སྤྲོད་པའི་ལས་གཞི1། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ལས་གཞི2། རང་འདེམ་ལས་གཞི3བཅས་ལ་མགོ་འཛིན་བྱས། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་མོ་སོགས་རྒྱལ་ཁབ་རིམ་པའི་ལས་གཞི12ལ་རོགས་སྒྲུབ་ཞིབ་འཇུག་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ58སྤེལ་བ་དང་། རིག་གཞུང་ཆེད་དེབ3དང་སྒྲུང་དཔེ་ལེགས་སྒྲིག11། སྒྲིག་སྒྱུར་དེབ2བཅས་པར་བསྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་རིམ་པ་མི་འདྲ་བའི་བྱ་དགའ27ཐོབ་མྱོང་། སྔ་གཞུག་ཏུ་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་སྨྱན་བྱད་སྟེང་གསར་འགྱུར་དང་རྩོམ་ཐུང་113སྤེལ་པ་དང་། ཀྲུང་གོའི་གེ་སར་ཞིབ་འཇུག་དྲ་བ་དང་། གེ་སར་རིག་གནས་རྒྱུན་འཛིན་པའི་རིག་མཛོད། གེ་སར་གྲངས་འཛིན་འཕྲིན་སྟེགས་སོགས་གསར་གཏོད་བྱས། ཐེངས50ལྷག་ལ་ཡུལ་དངོས་བརྟག་དཔྱད་དུ་སོང་། ཐེངས50ལྷག་ལ་རིག་གཞུང་ཚོགས་འདུར་ཞུགས། ཐེངས20ལྷག་ལ་གསོ་སྦྱོང་འཛིན་གྲྭར་ཞུགས། 2016ལོར་མཚོ་སྔོན་ཞིང་ཆེན་རྩེ་གྲས་གསར་གཏོད་འཇོན་མི་སྟོང་གི་འཆར་གཞིའི་རྩེར་སོན་མི་སྣར་བདམས། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཆེད་མཁས་སྐོར་བཞིའི་འཇོན་ཐང་མི་སྣའི་མཚན་སྙན་ཐོབ། 2019ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་མཚན་སྙན་གནང་། 2021ལོར་མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུ་འཇོན་མི·གསར་གཏོད་ལས་གཏོད་རྩེ་གྲའི་ཤེས་ལྡན་མི་སྣ”སྣེ་ཁྲིད་མི་སྣར་བདམས། 2021ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི“བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ན་གཞོན་ཤེས་ལྡན་མི་སྣ”ལ་བདམས། 2023ལོར་མཚོ་སྔོན་ཞིང་ཆེན་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་མི་སྒེར་ལ་བདམས་པ་ལགས།

རྩོམ་པ་པོ་ངོ་སྤྲོད།


མཁར་ལོ་རྒྱལ། 1980ལོར་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་ནས་སྐྱེས། སློབ་གྲྭ་ཆུང་འབྲིང་གི་གོ་རིམ་བརྒྱུད།  2005ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་གི་སྒྱུ་རྩལ་ཇུས་འགོད་འཛིན་གྲྭ་ནས་སློབ་མཐར་ཕྱིན། ལོ་དེར་བྱ་བར་ཞུགས། ད་ལྟ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རིག་གནས་ཁང་དུ་བྱ་བ་ལས་བཞིན་ཡོད། ལོ་ངོ་ཉི་ཤུ་ལྷག་ལ་རྩེ་ཁོག་འབྲོག་པའི་དམངས་སྲོལ་རིག་གནས་གཙོ་བྱས། ས་གནས་ཀྱི་གླིང་སྒྲུང་རིག་གནས་དང་། བོད་ཀྱི་ཡིག་གཟུགས། དམངས་གླུ། རྡུང་ལེན། ཟློས་གར་སོགས་དམངས་ཁྲོད་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་སྒྲུབ་མུས་ཡོད་ལ། 2021ལོར་རྒྱལ་ཡོངས་རིག་གནས་ཡུལ་སྐོར་སྡེ་ཁག་གི་སྔོན་ཐོན་ལས་མིར་བདམས་ཡོད།

格萨尔数字平台
该平台于2014年8月1日注册,以权威、专业、全面介绍《格萨尔》文化,展示史诗魅力。创始人巷欠才让(恰嘎·觉如),由国家社科基金项目“史诗《格萨尔》图像文化遗产的数字化保护与研究”主办。
 最新文章