【གསར་བརྗེའི་ཉམས་ཞིབ།】ཧུའུ་ཀྲུའུ་རྫོང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས།
ཟླ9པའི་ཚེས9ཉིན། ཧུའུ་ཀྲུའུ་རྫོང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས་ལ། ཧུའུ་ཀྲུའུ་རྫོང་ནས་ཡོང་བའི་གཞོན་དར་ལས་བྱེད་པ30གསོ་སྦྱོང་ལ་ཞུགས། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན5ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་གཞོན་དར་ལས་བྱེད་པའི་བྱ་བའི་འགན་འཁྲི་དང་ནུས་པའི་དགོས་མཁོ་དང་ཟུང་འབྲེལ་གྱིས“ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་སློབ་ཁྲིད། ཞིབ་བསྡུར་བརྗེ་རེས”སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་སློབ་ཁྲིད་བྱ་རྒྱུ་ཡིན་ཞིང་། ལག་ལེན་གྱི་གསོ་སྦྱོང་བརྒྱུད་དེ་ན་གཞོན་ལས་བྱེད་པར་བྱ་བའི་བསམ་ཕྱོགས་གསལ་པོ་བཟོ་བ་དང་ནུས་པ་དང་བྱང་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་དར་སྤེལ་ཡོང་ཆེད་ཤེས་ལྡན་པའི་དཔུང་ཁག་གི་འདེགས་སྐྱོར་ཤུགས་ཆེན་མུ་མཐུད་མཁོ་འདོན་དང་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུར་རོགས་རམ་བྱ་རྒྱུ་རེད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/海北党建
责编/项吉当知
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系