ལུས་ལ་སྙིང་པོ་མེད་ཚུལ།
ལུས་ལ་སྙིང་པོ་མེད་པ་ནི་ལུས་འདི་ལ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ལས་མ་གཏོགས་པའི་སྙིང་པོ་སྲ་མཁྲང་གཅིག་ཀྱང་མེད་དེ། ཇི་སྐད་དུ་སྤྱོད་འཇུག་ལས། ཐོག་མར་ལྤགས་པའི་རིམ་པ་འདི།།རང་གི་བློ་ཡིས་ཐ་དད་ཕྱེ།།ཤ་ཡང་རུས་པའི་དྲ་བ་ལས།།ཤེས་རབ་མཚོན་གྱིས་གུད་དུ་ཕྱེ།།རུས་པ་རྣམས་ཀྱང་ཕྱེ་བྱས་ནས།།རྐང་གི་བར་དུ་བལྟ་བྱ་ཞིང་།།འདི་ལ་སྙིང་པོ་ཅི་ཡོད་ཅེས།།བདག་ཉིད་ཀྱིས་ནི་བལྟ་བར་གྱིས།།
བཤད་སྒྲུབ་པདྨས་སོ།