མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ།

文摘   2025-01-26 11:42   广东  


མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ།

གྲུ་གཟིངས་བྲིས་པས་མིང་གཟུགས་རྟེན་འབྲེལ་མཚོན།།

གྲུ་གཟིངས་འགྲུལ་པ་་ཚུ་རོལ་ཕ་རོལ་ནས།།

སྐྱེལ་འདྲེན་བྱེད་པའི་རྟེན་གཞི་བྱེད་པ་དང་།།

མཁོ་བའི་དངོས་པོ་འཇོག་པའི་སྣོད་བྱེད་ལྟར།།

མིང་གཟུགས་སྐྱེ་བ་སྔ་ནས་འདིར་འོང་ཞིང་།།

འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་རྟེན།།

འབྲས་བུ་བདེ་སྡུག་ཐམས་ཅད་འབྱུང་བའི་སྣོད།།

ཕུང་པོའི་ངོ་བོར་འཛིན་པར་བྱེད་པ་ཡིན།།

བཤད་སྒྲུབ་པདྨས་སོ།།


བཤད་སྒྲུབ་པདྨས་སོ།



嘉样堪布
欢迎关注
 最新文章