དམ་པའི་ལྷ་ཆོས་བསྒྲུབ་དགོས།

文摘   2024-12-26 11:33   内蒙古  


དམ་པའི་ལྷ་ཆོས་བསྒྲུབ་དགོས།


དུས་སྙིགས་མའི་བསམ་སྤྱོད་གཡོ་སྒྱུས་མྱི་སེམས་བསླུས་ཏེ་རང་འདོད་སྒྲུབ་པ་ཁོ་ནའི་དོན་དུ་རང་ཉིད་ཀྱིས་སྡིག་པ་མི་དགེ་བ་བསྒྲུབས་ནས།
འབྲས་བུ་མི་འདོད་སྣ་ཚོགས་མྱོང་བཞིན་ཡོད་པ་ཡིན།
རང་སེམས་རང་ལ་མི་དཀར་བ་དང་རང་བློ་རང་ལ་མི་དྲང་བ་མི་སྲིད་པ་ཡིན་པས། ལུས་རྟེན་འདིའི་ཐོག་ཏུ་དལ་འབྱོར་སྙིང་པོར་ལོན་པའི། རང་དོན་སྙིང་པོའི་ལྷ་ཆོས་སྒྲུབ་རྒྱུ་ལ་རང་ཐག་རང་གིས་བཅད་ནས།
དམ་པའི་ལྷ་ཆོས་སྒྲུབ་རྒྱུ་འདི་ཁོ་ན་བྱ་དགོས་སོ།།
དཔལ་སྤྲུལ་རིན་པོ་ཆེས།
རང་སེམས་རང་ལ་མི་དཀར་ཐབས་མེད་ཀྱིས། །རང་བློ་རང་ལ་མི་དྲང་མི་སྲིད་ཀྱིས། །རང་དོན་སྙིང་པོའི་ལྷ་ཆོས་མ་བསྒྲུབས་ན། །རང་སྲིད་རང་གིས་བརླག་པ་མ་ཡིན་ནམ། །


ཞེས་གསུངས་སོ།།


བཤད་སྒྲུབ་པདྨས་སོ།

嘉样堪布
欢迎关注
 最新文章