སྲིད་པའི་གྲོང་ན་འཕྲོ་བའི་ཉི་མ་གཞོན་ནུ།།
དད་པའི་རྟེན་དུ་འཁྲུངས་པའི་གཏེར་གྱི་བུམ་པ།།
མ་རིག་མུན་པ་སེལ་བའི་སྒྲོན་མེ་འོད་ཆེན།།
གངས་ལྗོངས་འདི་ཡི་སྐྱབས་མགོན་འཕགས་མ་ཁྱེད་ཡིན།།
རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོའི་རྣམ་སྤྲུལ་ཁྱེད་ཀྱི།།
ཐུགས་ཀྱི་བཞེད་དོན་གེགས་མེད་ཡོངས་སུ་འགྲུབ་ནས།།
བསྟན་དང་འགྲོ་བའི་དཔུང་གཉེན་དམ་པར་གྱུར་ཏེ།།
སྐུ་ཚེ་བསྐལ་བ་རྒྱ་མཚོ་རྟག་པར་བཞུགས་མཛོད།།
ཅེས་པ་འདི་གུས་སློབ་སྒྲ་འཇམ་མམ་བཤད་སྒྲུབ་པདྨ་རུ་འབོད་པ་གང་དེས་མཁའ་འགྲོ་མ་མུ་མེད་ཡེ་ཤེས་མཚོ་མོའི་འཁྲུངས་སྐར་ལ་གུས་ཕུལ།
བཤད་སྒྲུབ་པདྨས་སོ།