ང་ཚོ་མཐོ་དམན་སུ་ཡིན་ན་སྐྱིད་སྡུག་བཟང་ངན་ཅི་བྱུང་ཡང་རེ་ས་དང་སྐྱབས་གནས་དཀོན་མཆོག་གསུམ་ལ་བཅོལ་དགོས་ཏེ།འཕགས་པ་ལྗོན་ཤིང་གི་མདོ་ལས།
སྐྱེ་ཤིའི་མགོན་དུ་སངས་རྒྱས་བཟང༌།།
སྡུག་བསྔལ་སྐྱབས་སུ་དམ་ཆོས་བཟང༌།།
འཇིགས་པའི་མགོན་དུ་དགེ་འདུན་ཆེ།།
བློ་གཏད་དཀོན་མཆོག་གསུམ་ལ་གྱིས།།
ཞེས་གསུངས་པ་བཞིན་བྱ་དགོས་སོ།།