ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད། · 法王如意宝圆寂纪念日

文摘   2025-01-13 09:37   广东  

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད།


དེ་རིང་ནི་བླ་མ་བཀའ་དྲིན་ཅན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་༼ཆུ་ཚོད་༩ དང་སྐར་མ་༤༣ ཐོག༽བསྡུས་པའི་དུས་ཆེན་ལ་ཁེལ་བས། དུས་ཚོད་ཁྱད་པར་བ་འདི་འདྲ་ལ་དགེ་སྒྲུབ་སྡིག་སྤོང་འབད་ན་དམིགས་གསལ་ཕན་ཡོན་ཆེ་བ་སྟེ།

དུས་འཁོར་རྩ་རྒྱུད་ལས། 

བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག།

ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན།།

བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས།།

ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར།།

སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ལ།།

མིག་དང་སྲོག་སྦྱིན་པས་ཀྱང་དཔེར་མི་ཕོད།།

ཅེས་གསུངས།

གཞན་ཡང་དུས་ཀྱི་འཁོར་ལོ་ལས། 

བསྐལ་པ་དུས་གསུམ་ཐམས་ཅད་དུ། །

བླ་མེད་དཀོན་མཆོག་མཆོད་པ་དང་། །

སྲོག་ཆགས་བྱེ་བའི་ཚེ་སྐྱབས་ཀྱང་། །

ཚེ་འདིར་ཐར་པ་མི་ཐོབ་སྟེ། །

ཡོན་ཏན་ལྡན་པའི་བླ་མ་ལ། །

དད་པས་ཡིད་ཀྱིས་མཆོད་བྱས་ན། །

མཆོག་དང་ཐུན་མོང་དངོས་གྲུབ་ནི། །

ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །

ཞེས་གསུངས་པས་ཀུན་གྱིས་བླ་མའི་གསོལ་འདེབས་སོགས་དགེ་སྦྱོར་ལ་འབད་པར་ཞུ།


བཤད་སྒྲུབ་པདྨསོ།





法王如意宝圆寂纪念日


今天是个特殊日子。是我们的无比大恩吉祥上师•法王如意宝在9时43分示现圆寂的纪念日。在这样特殊的日子里,我们不仅要纪念、怀念上师的无比恩德,而且要如是祈祷上师,并精进行持供佛祈福等善事,在此日弃恶从善具有无比功德。

《时轮根本续》中云:

“上师示现圆寂日

铭记心间做佛事

数劫诸罪皆遣除

阎王城中得解脱

三界无眼无命众

胜过赐予命与眼”


又在《时轮金刚》中云:

“大千世界诸三世

敬供无上三宝尊

虽放千万条生命

此生难获解脱道

而对具德上师尊

清净之心敬供奉

共与不共诸悉地

此生当中皆获得”


诸多经典如是赞叹上师故,呼吁大家亦如是祈祷、观想、怀念上师。多念诵《法王如意宝祈祷文》。


嘉样堪布



 བཤད་སྒྲུབ་པདྨས་སོ།




嘉样堪布
欢迎关注
 最新文章