དགུན་ཉི་ལྡོག་དང་དུས་ཆེན།

文摘   2024-12-21 11:41   北京  


དགུན་ཉི་ལྡོག་དང་དུས་ཆེན།


 བོད་ཟླ་བཅུ་པའི་ཚེས་ཉེར་གཅིག་ནི། དགུན་ཉི་ལྡོག་གི་དུས་ཁྱད་པར་ཅན་ཡིན་པས། ཉིན་འདིར་དགེ་སྡིག་གང་བྱས་འགྱུར་ཤིན་ཏུ་ཆེ་བས། ཀུན་གྱིས་སྡིག་པ་མི་དགེ་བའི་ལས་འཛེམས་ཤིང་། ཁྱད་པར་དུ་ཀུན་བཟང་སྨོན་ལམ་འདོན་པ་སོགས་རྣམ་དཀར་དགེ་བའི་ལས་ལ་འབད་པ་ཤིན་ཏུ་གལ་ཆེའོ།།



ཨ་ཧོཿ  ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔ འཁྲུལ་མེད་རིག་པ་རང་གསལ་ནས༔ སྨོན་ལམ་སྟོབས་ཅན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་ནས་མངོན་འཚང་རྒྱ༔ ཉི་ཟླ་གཟའ་ཡིས་ཟིན་པའམ༔ སྒྲ་དང་ས་གཡོས་བྱུང་བའམ༔ ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔ རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ རྣལ་འབྱོར་ང་ཡི་སྨོན་ལམ་གྱིས༔ སྡུག་བསྔལ་རིམ་གྱིས་གྲོལ་ནས་ཀྱང་༔ མཐའ་རུ་སངས་རྒྱས་ཐོབ་པར་ཤོག༔ ཞེས་གསུངས་སོཿ



བཤད་སྒྲུབ་པདྨས་སོ།

嘉样堪布
欢迎关注
 最新文章