དགུ་ཐུག་བཟང་། · 幸福年夜饭

文摘   2025-01-28 00:21   河北  



  དགུ་ཐུག་བཟང་།  
     

༢༠༢༤ལོའི་ལོ་ཡི་འཁོར་མོ་ཕར་ལ་ངང་གིས་བསྐྱལ་ཏེ།

རེ་བ་དང་ཡིད་ཆེས་ཀྱིས་གང་བའི་༢༠༢༥ཚུར་བསུ་ལ་ཉེ་བའི་དུས་སྐབས་འདིར།

ཁྱེད་ཚོ་ཚང་མར་ཅི་བསམ་དོན་ཀུན་འགྲུབ་ཅིང་ནད་མེད་ཚེ

རིང་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་དགུ་ཐུག་སྤྲོ་བོ་ཤོག


དཀའ་སྡུག་གི་ལོ་ཟླ་དེ་ཕར་ལ་བསྐྱལ།།

རྟེན་འབྲེལ་གྱི་ལོ་གཡང་དེ་ཚུར་ལ་བསུ།།

འདས་ཟིན་གྱི་བྱ་བཞག་དེ་ཡིད་ནས་དོར།།

རེ་བ་དང་ཡིད་ཆེས་དེ་གང་བར་ཤོག །


གཞིས་ཁྱིམ་གྱི་ལྷན་འཛོམས་དེ་སྤྲོ་སྐྱིད་ཤོག །

བདེ་སྐྱིད་ཀྱི་འཚོ་བ་དེ་རྟག་བརྟན་ཤོག །

བསམ་དོན་གྱི་རི་མོ་དེ་མངོན་གྱུར་ཤོག །

དབང་ཐང་གི་རླུང་རྟ་དེ་དར་བར་ཤོག །


ལྷན་འཛོམས་ཀྱི་དགུ་ཐུག་དེ་གསོལ་བར་ཤོག །

དགུ་ཐུག་འདིས་རྒན་པ་ཚོ་ཚེ་ཐག་རིང་བར་ཤོག །

དགུ་ཐུག་འདིས་གཞོན་པ་ཚོ་ལང་ཚོ་དར་བར་ཤོག།

དགུ་ཐུག་འདིས་བྱིས་པ་ཚོ་བློ་རིག་གསལ་བར་ཤོག །

དགུ་ཐུག་འདིས་སྒྱུ་ལུས་ལ་ནད་མེད་ཚེ་རིང་ཤོག །

དགུ་ཐུག་འདིས་ཅི་བསམ་དེ་ངང་གིས་འགྲུབ་པར་ཤོག །


ལོ་མཇུག་གི་ཉིན་མོ་ལ་བཤད་སྒྲུབ་པདྨས་བཀྲ་ཤིས་སྨོན་འདུན་ཞིག་གི་ཚུལ་དུ་ཕུལ་བའོ།། 





 幸福年夜饭 


轻轻地送走2024

喜迎充满希望和活力的2025

在这辞旧迎新的时刻

首先祝大家在崭新的一年里

万事如意、健康长寿

欢喜享用年夜饭


送走艰难旧岁月

喜迎殊胜幸福年

抛弃过去诸烦恼

拥抱一切诸喜乐


祝愿阖家欢乐年
祝愿幸福永驻年
祝愿吉祥如意年
祝愿福禄纳财年

享用团圆年夜饭
愿老人健康长寿
愿青年青春永在
愿孩童聪明智慧
愿身体健康无恙
愿一切所愿成就


年末岁初之际,嘉样堪布祝大家吉祥如意,扎西德勒!






བཤད་སྒྲུབ་པདྨས་སོ།




嘉样堪布
欢迎关注
 最新文章