རེག་པའི་རྟེན་འབྲེལ།
ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི།།
རྣམ་འགྱུར་བྲིས་པས་རེག་པའི་རྟེན་འབྲེལ་མཚོན།།
ཐོག་མར་ཕོ་མོ་འཁྱུད་ཅིང་འོ་བྱེད་པའི།།
རེག་པའི་ཚེ་ན་དགའ་བ་ཙམ་ཞིག་ལས།།
འཁྲིགས་པའི་བདེ་བ་ཡོངས་སུ་མི་རྫོགས་ལྟར།།
རེག་པའི་རྟེན་འབྲེལ་ཚ་གྲངས་འཇམ་རྩུབ་སོགས།།
རེག་བྱ་གང་དང་གང་ལ་འཕྲད་གྱུར་ཀྱང་།།
དེ་ལྟར་རེག་པའི་སྣང་བ་ཙམ་ཞིག་ལས།།
ཚོར་བ་བདེ་སྡུག་རྫོགས་པར་མི་མྱོང་བ།།
གནས་སྐབས་དེ་ནི་རེག་པའི་རྟེན་འབྲེལ་ཡིན།།
བཤད་སྒྲུབ་པདྨས་སོ།།
བཤད་སྒྲུབ་པདྨས་སོ།