བཀྲ་ཤིས་བདེ་ལེགས། · 扎西德勒!

文摘   2025-01-29 00:01   辽宁  


བཀྲ་ཤིས་བདེ་ལེགས།

སོ་ནམ་ལོ་སར་ཚེས་པའི་སྐབས་འདིར་ངས་འདི་ནས་རིས་སུ་མ་ཆད་པའི་སྤུན་ཟླ་ཡོངས་ལ་ཚེ་རིང་ནད་མེད་དང་ཅི་བསམ་དོན་འགྲུབ་སོགས་བཀྲ་ཤིས་ཁ་གཡང་གི་སྨོན་འདུན་གྲངས་མེད་ཞུ་བ་དང་ཆབས་ཅིག་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

ཁྱད་པར་དུ་རང་དང་ལས་སྨོན་གྱིས་འབྲེལ་འདྲིས་ཟབ་པའི་གྲོགས་དང་གྲོགས་མོ་ཡོངས་ལ་ཆེད་དུ་ཞུ་བྱ། སྤྱིར་ང་ཚོ་མི་ཞིག་ཡིན་ནས་བཟུང་སྟེ་མི་ཚེ་ཚེ་ཐུང་ཐུང་ལ་ཚད་ཤིང་རིང་བོ་བཞག་ནས་མི་ཚེ་གང་བོར་དཀའ་སྡུག་འཛད་མཐའ་མེད་པ་ཞིག་མྱོང་དུ་མི་འཇུག་པར་རང་ཉིད་ལ་ཚེ་སྔོན་གྱི་བསོད་ནམས་ཀྱི་དབང་གིས་ཐོབ་པའི་ལོངས་སྤྱོད་དེས་ཆོག་ཤེས་བསྟེན་ནས་ཁྱིམ་མི་བདེ་སྐྱིད་ལ་རོལ་ནས་བཟའ་ཚང་གང་བོ་འཁོན་འཛིང་སོགས་མེད་པར་འཆམ་མཐུན་ངང་།

ལས་འབྲས་བསླུ་མེད་ལ་ཡིད་ཆེས་དང་། སྐྱབས་གནས་མཆོག་གསུམ་ལ་དད་གུས་འགྱུར་མེད་ངང་དགེ་སྡིག་སྤང་བླང་གི་རིམ་པ་ལ་འདོར་ལེན་ཅི་ཐུབ་བྱེད་རྒྱུ་དང་། ནང་སེམས་བདེ་སྐྱིད་ཀྱི་དྲོད་ཁོལ་ལྡན་པ་ཞིག་ལ་བརྩོན་རྒྱུའི་རེ་བ་སྙིང་ནས་ཞུ་བཞིན་ཡོད།

མཇུག་མཐར་ཁྱེད་ཚོ་ཚང་མ་ལོ་གསར་བའི་ནང་ཅི་བསམ་དོན་འགྲུབ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་སྙིང་ནས་ཞུ་བ་དང་བཅས་བཤད་སྒྲུབ་པདྨ་རུ་འབོད་པ་གང་དེས་ཕུལ་བའོ།།




扎西德勒!

在这辞旧迎新之际,祝愿普天下所有同胞,健康长寿,万事如意,送上最美的吉祥祝福,并致以节日的美好问候。

新年之际,我想给和我有着特殊缘分的所有朋友,特别分享几句话:

我们作为人,不要在有限的生命中,做无限的计划,不要因遭受各种苦难而结束生命,应依靠自己的福报,知足常乐,让家庭和睦,远离争吵,和谐相处。

要相信因果不虚,深信上师三宝,智慧取舍善恶,内心充满幸福感而努力精进,这是我的肺腑之言。

最后,衷心祝大家在新的一年里,心想事成,工作顺利,扎西德勒!

嘉样堪布 贺

བཤད་སྒྲུབ་པདྨས་སོ།

嘉样堪布
欢迎关注
 最新文章