དང་པོར་དམུས་ལོང་འཁར་བ་ལ་བརྟེན་ནས།།
འགྲོ་བར་བྲིས་པས་མ་རིག་རྟེན་འབྲེལ་མཚོན།།དམུས་ལོང་བདེ་བའི་ལམ་ལ་རྨོངས་པ་ལྟར།།རྨོངས་པའི་དབང་གིས་ལས་འབྲས་རྟེན་འབྲེལ་གནད།།
རྨོངས་ཤིང་ཚུལ་མིན་ཡིད་བྱེད་ལ་བརྟེན་ནས།།ཡང་དག་མ་ཡིན་ཕྱིན་ཅི་ལོག་བཟུང་སྟེ།།དགེ་སྡིག་ལས་ལ་གྱ་ཚོམ་འཇུག་པར་བྱེད།།
བཤད་སྒྲུབ་པདྨས་སོ།