སློབ་གྲྭའི་གྲུ་ཟུར་རེ་རེ་ནས། ཡིད་ཀྱི་དུང་བ་འདྲེན་པའི་དབྱངས་འགྲོས་ཤིག་གིས་བཟི་རུ་བཅུག
དེ་ནི། དཔེ་ཆའི་ཤོག་ངོས་འགུལ་བའི་སྒྲ་དང་།
དབྱར་དགུན་དུས་བཞིའི་འགྱུར་ལྡོག་ཁྲོད་ན་་གྲགས་པའི་ཀློག་འདོན་གྱི་སྒྲ་མཉམ་དུ་བསྡེབས་པའི་དབྱངས་རྟ་ཞིག་ཡིན། དབྱངས་རྟ་དེ་སློབ་གྲྭའི་ཁོར་ཡུག་ཐམས་ཅད་ལ་ཁྱབ་ཡོད། ཁོར་ཡུག་འདི་མཛེས་སྡུག་གི་ཞིང་ཁམས་ལ་ཉུལ་བའི་གོམ་འགྲོས་ཐོག་མ་དང་། མ་འོངས་པའི་རེ་འདུན་གྱི་མིའི་ཚེ་ལམ་ཁ་བཅོལ་སའི་གནས་དེ་ཡིན་ངེས་སོ།།
བཤད་སྒྲུབ་པདྨས་སོ།