མིའི་མི་མངོན་པའི་ནུས་པ་ལ་ཚད་མེད། 朗读|央金

文摘   文化   2024-05-22 11:54   西藏  

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།

བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།

藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。


ལེའུ་ལྔ་བདོན་ངོ་མར་སློབ་སྦྱོང་དགོས་ས་དེ་སློབ་སྦྱོང་བྱ་ཚུལ་རེད】ཅེས་པ་ལས། ཁག་ལྔ་བཅུ་པ། 

👇🏼

མིའི་མི་མངོན་པའི་ནུས་པ་ལ་ཚད་མེད།




主播 |  央金


མི་ལ་ནམ་རྒྱུན་རེ་སྨོན་ཡོད་དགོས། རེ་སྨོན་མེད་པའི་སེམས་ངོགས་ནི་གྲམ་ཐང་ཞིག་ཡིན།  

བོར་ཁྲི་བེར་ཁྲི་མན།


 སྐུ་ཞབས་བོར་ཁྲི་བེར་ཁྲི་མན沃尔特·惠特曼ནི་སྤྱི་ལོ1819.5.31ཉིན་ཉིའུ་གཡོད་ཀྲོའུ་ཡི་གླིང་ཕྲན་འཇོང་པོ་ཞེས་པ་རུ་སྐུ་འཁྲུངས་ཤིང་། སྤྱི་ལོ1892.3.26ཉིན་སྐུ་གཤེགས། ཁོང་ནི་ཨ་རིའི་མིང་དུ་གྲགས་པའི་སྙན་ངག་པ་དང་མི་ཆོས་རིང་ལུགས་པ། རང་མོས་སྙན་ངག་གི་གསར་གཏོད་མཁན་ཡིན། ཁོའི་ཚབ་མཚོན་སྙན་ངག་ཕྱོགས་བསྒྲིགས་ལ རྩ་དང་ལོ་མ་ཕྱོགས་བསྒྲིགས།ཞེས་པ་སོགས་ཡོད།


     མིའི་མི་མངོན་པའི་ནུས་པ་ཕྱིར་མངོན་པའི་ཚད་ནི་དོན་ངོ་མར་ཅི་འདྲ་ཞིག་ལ་སླེབས་ཐུབ་ཟེར་ན། དེ་མི་རྣམས་ཀྱིས་ནམ་རྒྱུན་དོ་སྣང་བྱེད་སའི་གནད་དོན་གལ་ཆེན་ཞིག་ཡིན། འོག་གི་གཏམ་རྒྱུད་འདིའི་ཁྲོད་ནས་ཁྱོད་ཀྱིས་དྲི་བ་དེར་ལན་ཡང་དག་པ་ཞིག་ལོན་པར་ཡིད་ཆེས་བྱ་ཆོག

     ལྕགས་རྡོ་ཞིག་གི་རིན་ཐང་ཅི་འདྲ་ཞིག་ཡིན། དང་པོ་ལག་རྩལ་མཐར་ཕྱིན་མིན་པ་དང་ལག་རྩལ་ཡར་ཐོན་ཕྱོགས་ལ་ཧུར་ཐག་གི་སེམས་ཤུགས་གང་ཡང་མེད་པའི་ལྕགས་བཟོ་པ་ཞིག་ལ་མཚོན་ན། ལྕགས་རྡོ་དེའི་སྤྱོད་སྒོ་ལེགས་ཤོས་ནི་རྟའི་རྨིག་ལྕགས་བཟོ་བ་ལས་ལྷག་པའི་རིན་ཐང་ཅི་ཡང་མཐོང་མི་ཐུབ། ཁོས་བསམ་པར་ལྕགས་རྡོ་འདིའི་མ་རྩའི་རིན་ཐང་ཁེ་གང་ལ་སྐར་ཆུང་བཞི་ལྔ་ཙམ་ལས་མིན་པས་དུས་ཚོད་དང་ལུས་སྟོབས་སོགས་མང་པོ་ཞིག་ཕུད་ནས་འདི་ལ་ལས་སྣོན་བྱེད་དགོས་དོན་མེད་པར་སྙམ་པ་ཡིན། དེ་ལྟར་ཁོའི་ལུས་སྟོབས་དང་ལག་རྩལ་གྱིས་སྤྱིར་བཏང་ཨ་སྒོར་གཅིག་ལས་མིན་པའི་ལྕགས་རྡོ་ཞིག་གི་རིན་ཐང་ཨ་སྒོར་བཅུ་ལ་བསྒྱུར་ཐུབ་སོང་པ་འདིས་ཁོ་རང་ཧ་ཅང་མགུ་བ་ཡིན།

སྐབས་དེར་གྲི་བརྡར་མཁན་ཞིག་ཐོན།  ཁོས་སྦྱོང་བརྡར་སྔར་གྱི་མི་དེ་ལས་ལྷག་ཅིག་བྱེད་མྱོང་པས། སེམས་རྒྱ་དང་མཐོང་རྒྱ་སྔར་གྱི་མི་ལས་བཟང་བ་ཡིན། ཁོར་མཚོན་ན་ལྕགས་རྡོ་དེའི་རིན་ཐང་སྔར་ལས་ཆེ་བ་ཡིན། སྲེག་སྦྱོང་གི་ལས་རིམ་ལ་ཞིབ་འཇུག་མང་པོ་བྱེད་མྱོང་བའི་ཁོ་ལ་གནོན་བརྡར་འོད་འདོན་འཁོར་ལོ་དང་སྲེག་བཟོའི་ཐབ་ཀ་སོགས་ལག་ཆ་ཆ་ཚང་ཡོད་པས་ཐོག་མར་ལྕགས་བཞུས་ནས་ཐཱན་འགྱུར་ངར་ལྕགས་སུ་བསྒྱུར། དེ་ནས་བསྲེག་སྦྱོང་དང་ཚ་སྣོན་བྱས་ཏེ་དབལ་དཀར་རྣམ་པ་ཅན་དུ་གྱུར་པ་ན། ཆུ་འཁྱག་གམ་རྡོ་སྣུམ་ཁྲོད་དུ་གཡུགས་ནས་ངར་བླུད། དེ་ནས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་ཀྱིས་གནོན་བརྡར་འོད་འདོན་བྱས། བརྒྱུད་རིམ་འདི་ཚང་མ་སོང་རྗེས་ངོ་མཚར་བའི་མཇུག་འབྲས་ཤིག་མངོན་ཡོང་། དེ་ནི་ཁོས་རིན་ཐང་ཨ་སྒོར་ཉིས་སྟོང་ཡིན་པའི་གྲི་ཆུང་ཞིག་བཟོ་ཐུབ་སོང་། སྔར་གྱི་ལྕགས་བཟོ་པ་ཚུལ་དེ་ལ་ཡ་མཚན་ཆེན་པོ་སྐྱེས།  རྒྱུ་མཚན་རང་གིས་རིན་ཐང་ཨ་སྒོར་བཅུ་ལས་མེད་པའི་རྟའི་རྨིག་ལྕགས་ཤིག་ལས་བཟོ་མ་ཐུབ་པས་ཡིན། ཞུན་བརྡར་དང་ལས་སྣོན་བྱས་རྗེས་ལྕགས་རྡོའི་རིན་ཐང་ལྡབ་འགྱུར་གྱིས་ཇེ་མཐོར་གྱུར་པ་ཡིན།

      སྐབས་དེར་ལྕགས་བཟོ་པ་གཞན་པ་ཞིག་ཐོན་ནས་གྲི་བཟོ་པའི་ཕུལ་བྱུང་གི་མཇུག་འབྲས་ལ་བལྟས་རྗེས་བཤད་དོན།  ལྕགས་རྡོ་ཞིག་གིས་གྲི་ཆུང་ཞིག་བཟོ་ཐུབ་སོང་པ་དེ་ཧ་ཅང་བཟང་། ཁྱོད་ཀྱི་ལག་རྩལ་ལ་བརྟེན་ནས་འདི་ལས་ལྷག་པ་ཞིག་བཟོ་ཐུབ་པ་མ་རེད། འོན་ཀྱང་ལྕགས་རྡོ་འདིའི་རིན་ཐང་གི་ཕྱེད་ཀ་ཙམ་ཡང་ཁྱོད་ཀྱིས་སྔོག་འདོན་བྱེད་ཐུབ་མེད། འདི་ལ་ད་དུང་དེ་ལས་ཀྱང་ལྷག་པའི་སྤྱོད་སྒོ་ཡོད་པ་ཡིན། ངས་ལྕགས་ལ་ཞིབ་འཇུག་བྱེད་མྱོང་པས་ལྕགས་རྡོ་འདིའི་ནང་དུ་ད་དུང་རིན་ཐང་ཅི་ཞིག་སྦས་ཡོད་པ་དང་དེས་ད་དུང་ཅི་ཞིག་བཟོ་ཆོག་པ་རྟོགས་ཡོད་པར་བཤད།

       སྔར་གྱི་ལག་ཤེས་པ་གཉིས་དང་བསྡུར་ན་ལྕགས་བཟོ་པ་འདིའི་ལག་རྩལ་ལྷག་པར་ཟབ་པ་དང་མཐོང་རྒྱའང་ཧ་ཅང་རྣོ་ངར་ཆེ་བ་ཡིན་ལ། ཁོས་ནི་སྦྱོང་བརྡར་ལྷག་པར་ནན་མོ་བྱེད་མྱོང་བར་མ་ཟད་ཕུགས་འདུན་རིང་པོ་ཡོད་པ་དང་བློ་རྩ་བརྟན་པོ་ཡོད་པ་ཡིན། ཁོས་ལྕགས་རྡོ་འདིའི་ལྷག་པར་ཟབ་པའི་ནུས་རྡུལ་དག་མཐོང་ཐུབ་པར་མ་ཟད་ལྕགས་རྡོ་འདིའི་སྤྱོད་སྒོ་རྟའི་རྨིག་ལྕགས་དང་གྲི་ཆུང་ལས་ལྷག་པ་ཡོད་པར་རྟོགས། ཁོས་ཕྲ་མཐོང་རྒྱང་ཤེལ་དང་འདྲ་པའི་མིག་ཟུང་གིས་ཁྲོ་ལྕགས་ཤིག་ཆེས་ཞིབ་ཚགས་རང་བཞིན་གྱི་འཚེམ་དྲུབ་ཀྱི་ཁབ་ཏུ་བསྒྱུར་པ་ཡིན། ཁོས་གྲི་བཟོ་པའི་ཐོན་རྫས་ཀྱི་རིན་ཐང་ལྡབ་མང་པོར་བསྒྱུར་པ་རེད། ཁོས་བསམ་པར་ད་སྐབས་ལྕགས་རྡོ་འདིའི་རིན་ཐང་གཏིང་བཙུར་ཐུབ་ཡོད་སྙམ་པ་ཡིན། ཁྲོ་ལྕགས་ཤིག་གིས་ཕལ་བའི་མིག་གིས་མཐོང་མི་ཐུབ་པའི་ཁབ་རྩེ་ཞིག་བཟོ་དགོས་ན་དེ་ལ་གྲི་ལེབ་ཅིག་བཟོ་བ་ལས་ལྷག་པའི་ཞིབ་ཚགས་ཤིག་དང་ལས་རིམ་ཞིག མ་ཟད་ལག་རྩལ་ཞིག་དགོས་པ་སྨོས་མ་དགོས་སོ། །

      འོན་ཏང་སྐབས་དེར་ལག་རྩལ་དེ་ལས་བཟང་པའི་ལག་ཤེས་པ་ཞིག་ཐོན། ཁོའི་ཀླད་པ་དེ་ལས་ཀྱང་མྱུར་པ་དང་ལག་རྩལ་ཡང་ལྷག་པར་ཟབ་པ་ཡིན་ལ་ངང་རྒྱུད་དེ་ལས་རིང་པ་ཞིག་ཡིན་པར་མ་ཟད་སྦྱོང་བརྡར་རྩེར་སོན་པ་ཞིག་ཡིན། ཁོས་རྟའི་རྨིག་ལྕགས་དང་གྲི་ཆུང་། འཚེམ་དྲུབ་ཀྱི་ཁབ་བཅས་ལ་ལྟ་ཙམ་ཡང་མི་བྱེད་པར། ལྕགས་རྡོ་ཞིག་གིས་ཞིབ་ཚགས་ཡོད་པའི་ཆུ་ཚོད་འཁོར་ལོའི་འགུལ་ཤུགས་རྒྱུ་མ་བཟོས་པ་རེད། ལག་ཤེས་པ་གཞན་པ་དག་གིས་རིན་ཐང་ཨ་སྒོར་སྟོང་ཕྲག་ཁ་ཤས་ཀྱི་གྲི་ཆུང་དང་འཚེམ་དྲུབ་ཀྱི་ཁབ་དག་ལས་མཐོང་མ་ཐུབ་མོད། ཁོས་རྣོ་ངར་ལྡན་པའི་མིག་ཟུང་གིས་རིན་ཐང་ཨ་སྒོར་ཁྲི་བཅུ་ལྷག་གི་ཐོན་རྫས་ཤིག་མཐོང་ཐུབ་སོང་པ་རེད་དོ། །  

        གཏམ་རྒྱུད་དེ་མཇུག་སྒྲིལ་བར་སྙམ་ན་ད་དུང་གཏམ་རྒྱུད་ཀྱི་མཇུག་སྒྲིལ་མེད་དེ། སྐབས་དེར་བཟོ་རྩལ་དེ་ལས་ཀྱང་ཁྱད་དུ་འཕགས་པའི་ལག་ཤེས་པ་ཞིག་ཐོན། ཁོས་ང་ཚོས་ཁྲོ་ལྕགས་འདི་དངོས་ཤུགས་གང་ཡོད་ལ་ད་དུང་སྤྱོད་ཐུབ་མེད་པས་ལྕགས་རྡོ་འདིས་དེ་ལས་ལྷག་པའི་ཅ་ལག་ཅིག་བཟོས་ན་ཆོག་ཅེས་བཤད། ཁོའི་མིག་ལམ་དུ་ཆུ་ཚོད་འཁོར་ལོའི་འགུལ་ཐག་བཟོས་པའང་ཕུལ་བྱུང་གི་ཐོན་རྫས་སུ་བརྩི་མི་ཐུབ་པ་རེད། ཁྲོ་ལྕགས་འདིས་ལྡེམ་གཤིས་དངོས་རྫས་ཤིག་བཟོ་ཆོག་པ་ཁོས་ཧ་གོ་བྱུང་། ལྕགས་བཞུ་རིག་པ་རག་ཙམ་ལས་མི་ཤེས་པའི་ལག་ཤེས་པ་ཞིག་གིས་འགྲུབ་ཐབས་གཏན་ནས་མེད། ལྕགས་བཞུ་སྐབས་ལྷག་པར་ཞིབ་ཚགས་བྱེད་ཐུབ་ན་དེ་ནས་བཟུང་ལྕགས་རྡོ་དེ་དེ་འདྲའི་སྲ་མཁྲེགས་རང་བཞིན་ཅན་ཞིག་ཡིན་མི་སྲིད། མ་ཟད་དེ་ལྕགས་རིགས་ཁྱད་པར་བ་ཞིག་ལ་བསྒྱུར་ནས་སྤུས་ཚད་གསར་པ་ཕུན་སུམ་ཚོགས་པ་མང་པོ་ཡོད་ཆོག

ལག་ཤེས་པ་དེའི་རྣོ་ངར་ལྡན་ལ་གསལ་ཞིང་ཞིབ་པའི་མིག་ཟུང་གིས་ཆུ་ཚོད་འཁོར་ལོའི་འགུལ་ཐག་བཟོ་ལས་ཀྱི་ལས་རིམ་རེ་རེ་ལ་ད་དུང་མུ་མཐུད་བསྒྱུར་བཅོས་བྱེད་ཆོག་པ་དང་། ལས་སྣོན་རིམ་པ་རེ་རེས་ད་དུང་འཐུས་ཚང་དུ་གཏོང་བ། ལྕགས་རིགས་ཀྱི་སྤུས་ཀའང་ད་དུང་ལེགས་ཐོག་ལེགས་ཚོལ་དགོས་པ། འགུལ་ཐག་གི་ཚི་སྣ་རེ་རེ་དང་ཁྲ་རིས་རེ་རེ་ནས་ཚང་མ་ལྷག་པར་འཐུས་འཚང་དུ་གཏོང་ཆོག་པ་སོགས་མཐོང་སོང་།

      དེ་ནས་ཁོས་ཞིབ་མོས་ལས་སྣོན་བྱེད་སྟངས་དང་ཞིབ་ཚགས་ཅན་གྱི་ལྕགས་བཞུའི་ལས་རིམ་སོགས་བཀོལ་སྤྱོད་བྱས་ཏེ་ཁོ་རང་གི་ཐོན་རྫས་ཕལ་ཆེར་མིག་གིས་མཐོང་མི་ཐུབ་པའི་ཞིབ་ཚགས་ཅན་གྱི་སྡོམ་སྐུད་གློག་འདྲེན་སྒྲིལ་སྐུད་དུ་བསྒྱུར་ཐུབ་སོང་།

       དཀའ་སྡུག་དང་ངལ་རྩོལ་གྱི་ལམ་འཕྲེང་ཞིག་བརྒྱུད་རྗེས་ཁོའི་རེ་འདོད་མངོན་གྱུར་འོང་སྟེ་སྤྱིར་བཏང་རིན་ཐང་ཨ་སྒོར་གཅིག་ཡིན་པའི་ཐོན་རྫས་ཤིག་རིན་ཐང་ཨ་སྒོར་ཁྲི་ཕྲག་བརྒྱ་གནས་པའི་ཐོན་རྫས་ཤིག་ཏུ་བསྒྱུར་བ་རེད། དེ་དང་ལྗིད་ཚད་མཉམ་པའི་གསེར་གྱིས་ཀྱང་དེའི་རིན་ཐང་ལ་འགྲན་ཐབས་བྲལ།

འོན་ཀྱང་ལྕགས་རྡོ་དེའི་རིན་ཐང་ཡོད་ཚད་ད་དུང་སྔོག་འདོན་ཐུབ་མེད།  ད་དུང་དེ་ལས་ལྷག་པའི་བཟོ་པ་ཞིག་ཡོད།  ཁོའི་བཟོ་རྩལ་གྱི་ཆུ་ཚད་རེ་ཞིག་ཡང་རྩེར་སོན་ཡོད་ལ། ཁོས་རྣོ་ལྕགས་ལང་མ་ཞིག་བླངས་ཏེ་ཞིབ་བརྐོས་ཚགས་དཀྲོལ་བྱས་རྗེས་གསར་པའི་ཐོན་རྫས་ཀྱིས་སྔར་གྱི་ཆུ་ཚོད་འཁོར་ལོའི་འགུལ་ཤུགས་རྒྱུ་མ་དང་སྡོམ་སྐུད་གློག་འདྲེན་སྒྲིལ་སྐུད་སོགས་ཟིལ་གྱིས་གནོན་པར་བྱས། ཁོས་བཟོ་ལས་གྲུབ་རྗེས་སོ་སྨན་པ་དག་གིས་རྒྱུན་པར་བཀོལ་བའི་སོ་རྩ་ཕྲ་མོ་ཕྱིར་འདོན་བྱེད་པར་ཞིབ་ཚགས་ཡོད་པའི་ལྕགས་ཀྱུའི་དབྱིབས་ཅན་གྱི་དངོས་པོ་ཁྱོད་ཀྱིས་མཐོང་པ་དེ་ཡིན། ཕྲ་ཞིང་མཉེན་པའི་ལྕགས་ཀྱུའི་དབྱིབས་ཅན་གྱི་རྣོ་སྐུད་འདིའི་རིགས་ཁེ་སྟོང་གཅིག་འཚོལ་སྡུད་ཐུབ་ན་དེའི་རིན་ཐང་གསེར་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པ་ཡིན་ནོ།  །

      ལྕགས་རྡོ་ཕལ་བ་ཞིག་ལས་འདི་འདྲའི་རྒྱུ་ནོར་མང་པོ་སྔོག་འདོན་བྱེད་ཐུབ་ན་མི་ཞིག་ལ་སྨོས་མ་དགོས་པ་རེད། མི་ཚང་མའི་ལུས་ཁམས་ན་ཚད་མེད་པའི་ཚེ་སྲོག་གི་ནུས་པ་སྣ་ཚོགས་ཤིག་སྦས་ཡོད་ལ། ང་ཚོས་རྒྱུན་མི་ཆད་པར་ནུས་པ་དེ་དག་ཕྱིར་མངོན་བྱེད་ཐུབ་ན། མིའི་ལྷན་སྐྱེས་ཀྱི་ནུས་པར་ཚད་ཡོད་པ་མིན།

ལྕགས་བཟོ་དག་གིས་ལས་སྣོན་བྱས་རྗེས་ཁྲོ་ལྕགས་ལས་བྱུང་བའི་ཐོན་རྫས་དག་མཐོང་ཐུབ། དཔེ་དེ་བཞིན་དུ་ན་གཞོན་གྲོགས་པོ་ཚོས་ཀྱང་རྒྱུན་ལྡན་འཚོ་བའི་ཁྲོད་ནས་རང་གི་མ་འོངས་པའི་མདུན་ལམ་དག་མཐོང་སྟེ་མ་ཟད་དེ་དག་དངོས་ཡོད་དུ་བསྒྱུར་ཐུབ་དགོས་པ་ཡིན།

       གལ་ཏེ་ཁྱོད་རང་མཐོང་རྒྱ་ཆུང་བས་རྟའི་རྨིག་ལྕགས་དང་གྲི་ལེབ་ཙམ་ལས་མཐོང་མི་ཐུབ་ན། ཁྱོད་ཀྱིས་ཇི་ལྟར་བརྩོན་པ་བྱས་ཏེ་དཀའ་ལས་བརྒྱབ་ཀྱང་དུས་ཚོད་འཁོར་ལོའི་འགུལ་རྒྱུ་དང་སྡོམ་སྐུད་གློག་འདྲེན་སྒྲིལ་སྐུད་དག་འབྱུང་མི་སྲིད། ཁྱོད་ཀྱིས་ངེས་པར་མིག་རྒྱང་རིང་པོ་ལ་ལྟ་དགོས་པ་དང་བརྩོན་པ་བར་མེད་དུ་བྱེད་དགོས། ཚོད་བགམ་དང་བླང་དང་དགོས་ངེས་ཀྱི་རིན་དོད་གཏོང་དགོས། དེ་ལྟར་བྱས་ན་ཁྱོད་རང་གི་ཚེ་སྲོག་གི་ནུས་པ་ཆེས་ཆེར་འདོན་ཐུབ་པ་ཡིན། མ་ཟད་ད་དུང་ཡིད་ཆེས་བརྟན་པོ་བྱས་ན་ཁྱོད་ཀྱིས་མྱོང་བའི་དཀའ་སྡུག་དང་བརྩོན་པ་ཡོངས་ལ་མཐར་འཇུག་འབྲས་བཟང་པོ་ཞིག་ཡོད་ངེས་ཡིན།

        སུའུ་ལེན་གྱི་མིང་གྲགས་ཅན་ཀྱི་རིག་གནས་པ་དང་རྩོམ་རིག་སྨྲ་བ་ཡའེ་ཧྥན་ཡེ་ཧྥོའུ་ལས་མོའུ་ཧྥོས་བཤད་རྒྱུར། ཉིན་ཞིག་ཚན་རིག་ཡར་རྒྱས་སུ་སོང་སྟེ་ཀླད་པའི་ཆགས་ཚུལ་དང་བྱེད་ལས་དག་ལ་གཏིང་ཟབ་ས་ནས་ཞིབ་འཇུག་བྱེད་ཐུབ་རྒྱུ་ན། འགྲོ་བ་མིའི་རིགས་ཀྱི་ཀླད་པའི་ནང་གི་རྒྱ་ཆེ་བའི་ནུས་པ་འདིས་ཐམས་ཅད་ཧང་སང་དུ་འཇུག་ངེས་ཡིན། འགྲོ་བ་མིའི་རིགས་ཀྱིས་རྒྱུན་ལྡན་ཀླད་པའི་ནུས་པ་ཆེས་ཆུང་ཤས་ཤིག་མ་གཏོགས་བཀོལ་སྤྱོད་བྱེད་ཐུབ་ཀྱིན་མེད་ལ། གལ་ཏེ་འགྲོ་བ་མིའི་རིགས་ཀྱིས་ཀླད་པའི་ནུས་པ་ཕྱེད་ཀ་ཙམ་འདོན་སྤེལ་བྱེད་ཐུབ་པའི་དབང་དུ་བཏང་ན་ལས་སླ་མོས་སྐད་རིགས་བཞི་བཅུ་ལྷག་ཤེས་ཐུབ་པ་དང་། གཞུང་ལུགས་ཤེས་བྱ་ཀུན་བཏུས་ཆ་ཚང་ཞིག་བློ་ལ་འཛིན་ཐུབ་པར་མ་ཟད་འབུམ་རམས་པའི་སློབ་གནས་ཐེངས་བཅུ་གཉིས་ལ་ལེན་དགོས་ཀྱང་སླ་བ་ཡིན། ཞེས་བཤད།

        ཞིབ་བརྗོད་འདི་ལ་སྒྲོ་འདོགས་ཀྱི་ཆ་ཅུང་ཟད་ཀྱང་མེད་ལ། མ་ཟད་འདི་ནི་མི་ཕལ་བ་དག་གིས་ཀྱང་བློ་ཡུལ་དུ་ལོན་ཆོག་པའི་ལྟ་ཚུལ་ཞིག་ཡིན། མིའི་མི་མངོན་པའི་ནུས་པ་ནི་ཀླད་པ་ཁོ་ནའི་ཐོག་ནས་མངོན་དགོས་པ་ཞིག་མ་ཡིན་ལ། མིའི་ལུས་སྟེང་སོགས་ན་ཡང་བསམ་ཡུལ་ལས་འདས་པའི་མི་མངོན་པའི་ནུས་པ་ཡོད།

         དབྱིན་ཇིའི་རི་ཐང་ན་ཡོད་པའི་དམག་སྤྱོད་གནམ་གྲུའི་འབབ་ཐང་ཞིག་ན་ཧོ་ཁི་ཞེས་པའི་འཕུར་སྐྱོད་པ་ཞིག་ཡོད། ཁོས་བློ་རྩེ་གཅིག་སྒྲིམ་གྱིས་རང་འབབ་ཆུ་མདའ་ཞིག་གིས་དམག་འཐབ་གནམ་གྲུ་ཞིག་ལ་གཙང་འཁྲུད་བྱེད་ཀྱིན་ཡོད། གློ་བུར་དུ་མི་ཞིག་གི་ལག་པས་ཁོའི་སྒལ་པར་རྒྱག་པའི་ཚོར་བ་སྦྱིན། ཁ་ཕྱིར་འཁོར་ཏེ་བལྟས་པ་ན། སྐྲག་ནས་ཨག་སྐད་ཤོར། ཁོའི་སྒལ་པ་ལ་རྒྱག་མཁན་དེ་མི་ཞིག་མ་ཡིན་པར་དེ་ནི་ལུས་བོངས་ཧ་ཅང་ཆེ་བའི་དོམ་ཁྱི་ཞིག་ཡིན། དོམ་ཁྱིའི་ལག་པའི་སྡེར་མོ་གཉིས་ཡར་བཀྱགས་ཏེ་ཁོའི་རྒྱབ་ཏུ་འགྲེང་ནས་བསྡད་ཡོད་པ་མཐོང་། ཧོ་ཁེས་འཕྲལ་བྱུང་བློ་རིག་གིས་མྱུར་སྟབས་ཀྱིས་རང་འབབ་ཆུ་མདའ་དོམ་ཁྱིའི་ཕྱོགས་སུ་བསྐོར་ན་ཡང་། ཁོ་ཧ་ཅང་ཚབས་ལངས་དྲགས་པའི་སྐབས་འདིར་ཤུགས་ཕུད་ཆེ་བས་ཡིན་ལས་ཆེ་སྟེ་ཆུ་མདའ་ལག་ནས་ཤོར།  དོམ་ཁྱི་ཁོ་དང་གདོང་གཏད་ནས་མཆོང་གྲབས་བྱས། སྐབས་དེར་ཁོས་མིག་གཉིས་བཙུམ་སྟེ་ཤུགས་ཡོད་ཚད་ཀྱིས་གནམ་གྲུའི་སྟེང་དུ་མཆོང་བ་ན། ཁོ་གནམ་གྲུའི་གཤོག་པའི་སྟེང་དུ་མཆོང་ཐུབ་སོང་། དེ་ནས་སྐད་མཐོན་པོས་སྲོག་སྐྱོབ་རོགས་ཞེས་འབོད་པ་བྱས་མཐར། ཉེན་ཟོན་སོ་ཁང་གི་སོ་དམག་དག་གིས་སྐད་སྒྲ་དེ་ཚོར་ནས་དེ་མ་ཐག་གདོང་མཆོང་མེ་མདའ་བཟུང་སྟེ། དུས་ཚོད་སྐར་མ་གཉིས་ཙམ་ལས་མ་འགོར་བར་དོམ་ཁྱི་ས་དེར་བསད་པ་རེད།

         རྗེས་སུ་མི་མང་པོ་ཐེ་ཚོམ་གྱི་སྦུབས་སུ་ལྷུང་།  གནམ་གྲུའི་གཤོག་པ་ས་ངོས་ནས་མཐོ་ཚད་མ་མཐའ་སྨི 2.5 ཡོད་པ་དང་ད་དུང་རོགས་རྒྱུག་ཀྱང་མེད་པའི་གནས་བབས་འོག ཧོ་ཁི་ཇི་ལྟར་གནམ་གྲུའི་གཤོག་སྟེང་དུ་མཆོང་ཐུབ་པ་ཡིན་སྙམ། གལ་ཏེ་ཧོ་ཁི་ལ་འདི་འདྲའི་མཆོང་རྩལ་ཞིག་ཡོད་ན་ཁོས་ད་ནས་བཟུང་འཕུར་སྐྱོད་པ་མི་བྱེད་པར་མཐོ་ལྡིང་ལུས་རྩལ་པ་ཞིག་བྱས་ན་ཆོག་པར་མ་ཟད་འཛམ་གླིང་ཟིན་ཐོ་གསར་སྐྲུན་བྱས་ནའང་ཆོག་པ་ཡིན།

        སྐབས་དེར་ཁོ་རང་གནམ་གྲུའི་སྟེང་དུ་མཆོང་ཐུབ་པ་ནི་དོན་དངོས་ཤིག་ཡིན། རྗེས་སུ་ཧོ་ཁིས་ཐེངས་མང་པོ་ལ་ཚོད་ལྟ་བྱས་ཀྱང་གནམ་གྲུའི་གཤོག་སྟེང་ལ་མཆོང་མ་ཐུབ།

        མི་རྣམས་གནས་ཚུལ་འདི་དོན་དངོས་ཡིན་མིན་ལ་ལྷག་པར་ཡིད་མ་ཆེས། རྗེས་སུ་མིའི་ལུས་ཁམས་ཀྱི་མི་མངོན་པའི་ནུས་པར་ཞིབ་འཇུག་བྱེད་མཁན་ཞིག་གིས་འདི་ལྟར་གསུང་པ་རེད། དོན་འདི་ངོ་མ་ཡིན་ཆོག་ཆོག་ཡིན་པ་རེད།  རྒྱུ་མཚན་མི་རྣམས་ཉེན་ཁ་དང་འཕྲད་ཚེ་ཁྱད་མཚར་བའི་སྐུལ་རྩི་ཞིག་ལུས་ཁམས་ནས་ཟགས་ཐོན་ཡོང་སྲིད། སྐུལ་རྩི་དེས་མི་རྣམས་ཀྱི་ལུས་ཁམས་ཀྱི་མི་མངོན་པའི་ནུས་པ་ཁྱད་པར་བ་ཞིག་འདོན་སྤེལ་བྱེད་ཐུབ། གནས་ཚུལ་ཅི་ཙམ་ཉེན་ཁའི་གནས་སུ་གྱུར་ན་མི་མངོན་པའི་ནུས་པ་དེ་ཙམ་གྱིས་འདོན་སྤེལ་བྱེད་སླ་བ་ཡིན། རྒྱུན་ལྡན་གྱི་གནས་ཚུལ་འོག་མི་མངོན་པའི་ནུས་པ་དེ་ཞི་འཇགས་ངང་གནས་པ་ཞིག་ཡིན།

        ཁྱོད་ཀྱི་མི་མངོན་པའི་ནུས་པ་ནི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ། མིག་རྒྱང་གང་གིས་དེའི་ཡངས་ཤིང་རྒྱ་ཆེ་བའི་མཐའ་གཞལ་མི་ཐུབ་ལ། དེ་ནི་རང་གིས་རྒྱུན་མི་ཆད་པར་སྔོག་འདོན་དགོས་པ་ཞིག་ཡིན།  རང་གི་མི་མངོན་པའི་ནུས་པ་གསལ་པོར་རྟོགས་རྗེས། དེ་ལ་ཡིད་ཆེས་དགོས་པ་དང་མ་ཟད་ནུས་པ་ཡོད་ཚད་བཏོན་ནས་མི་མངོན་པའི་ནུས་པ་སྔོག་འདོན་བྱ་དགོས་སོ།  །

---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

主播:扎旺|央金

编辑:琼赛啦

(གསལ་བཤད། ལེ་ཚན་འདི་གཟའ་རེའི་རུས་གཟའ་སྤེན་པར་སྤེལ་རྩིས་ཡིན། འདི་གའི་བརྩམས་ཆོས་གང་འདོད་དུ་བརྐུ་བཤུ་བྱས་མི་ཆོག)

思考中绽放智慧

藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章