ཕུ་ནུ་ནང་དམེ་མ་བྱེད་ཨ་ཞང་ཚོ།། ལེན་མཁན། རྣམ་རྒྱལ་ཆོས་མཚོ།

文化   2024-08-08 12:22   青海  

ཨ་ཞང་ཚོ།
ཚིག ཤར་མི་ཉག་བ་འཇམ་དཔལ་བསྟན་འཛིན། 
དབྱངས།  ཡོན་ཏན་མགོན་པོ། 
ལེན་མཁན། རྣམ་རྒྱལ་ཆོས་མཚོ། 

ཕུ་ནུ་ནང་དམེ་མ་བྱེད་ཨ་ཞང་ཚོ།།
རྩྭ་ས་རྩོད་གླིང་མ་བྱེད་ཨ་ཞང་ཚོ།། 
གཡང་ཟོག་བཤས་རར་མ་ཕབས་ཨ་ཞང་ཚོ།།
བོད་ཕྲུག་རིག་གནས་སློབ་ཤིག་ཨ་ཞང་ཚོ།། 
ཆོལ་གསུམ་ཕུ་ནུ་གཅིག་རེད་ཨ་ཞང་ཚོ།།
ཕུ་ནུ་ཤ་རུས་གཅིག་རེད་ཨ་ཞང་ཚོ།། 
སྡར་མ་ལག་མགྱོགས་མ་བྱེད་ཨ་ཞང་ཚོ།།
དགེ་བཅུའི་ཁྲིམས་ར་སྲུང་ཞིག་ཨ་ཞང་ཚོ།། 
ཆེན་པོའི་ཁྲི་ལ་མ་རྩོད་ཨ་ཞང་ཚོ།།
རྒྱལ་བསྟན་སྤྱི་ལ་སོམས་ཤིག་ཨ་ཞང་ཚོ།། 
བཤད་སྒྲུབ་སྙིང་པོ་སྤེལ་ཞིག་ཨ་ཞང་ཚོ།།
རང་རྒྱལ་གཞན་ཕམ་མ་བྱེད་ཨ་ཞང་ཚོ།། 

ཕུ་ནུ་མང་དམེ་མ་བྱེད་ཨ་ཞང་ཚོ།།
རྩྭ་ས་རྩོད་གླིང་མ་བྱེད་ཨ་ཞང་ཚོ།། 
གཡང་ཟོག་བཤས་རར་མ་ཕབས་ཨ་ཞང་ཚོ།།
བོད་ཕྲུག་རིག་གནས་སློབ་ཤིག་ཨ་ཞང་ཚོ།། 
ཆོལ་གསུམ་ཕུ་ནུ་གཅིག་རེད་ཨ་ཞང་ཚོ།།
ཕུ་ནུ་ཤ་རུས་གཅིག་རེད་ཨ་ཞང་ཚོ།། 
སྡར་མ་ལག་མགྱོགས་མ་བྱེད་ཨ་ཞང་ཚོ།།
དགེ་བཅུའི་ཁྲིམས་ར་སྲུང་ཞིག་ཨ་ཞང་ཚོ།། 
ཕོ་མཆོག་མོ་དམན་མ་འཛིན་ཨ་ཞང་ཚོ།།
རྫས་འགྱུར་བཟའ་བཏུང་མ་བྱེད་ཨ་ཞང་ཚོ།། 
ཁོར་ཡུག་སྲུང་སྐྱོབས་མ་བརྗེད་ཨ་ཞང་ཚོ།།
བོད་མིའི་སྲོལ་རྒྱུན་མ་བརླགས་ཨ་ཞང་ཚོ།། 
ཁོར་ཡུག་སྲུང་སྐྱོབས་མ་བརྗེད་ཨ་ཞང་ཚོ།།
བོད་མིའི་སྲོལ་རྒྱུན་མ་བརླགས་ཨ་ཞང་ཚོ།།


阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章