ཁོ་རེ་ཡ་ལྷོ་མར་ཛ་དྲག་གི་དོན་དག་བྱུང་འདུག

文摘   2024-12-04 18:53   西藏  


ཁོ་རེ་ཡ་ལྷོ་མར་ཛ་དྲག་གི་དོན་དག་བྱུང་འདུག

ཁོ་རེ་ཡ་ལྷོ་མའི་ས་གནས་དེ་གའི་དུས་ཚོད་ཚེས་བཞི་ཉིན་གྱི་ཐོ་རེངས་ཀྱི་ཆུ་ཚོད་ལྔ་པ་ཡོལ་ཙམ་ལ་རྒྱལ་དོན་ཚོགས་འདུ་འཚོགས་ནས། བབ་བསྟུན་ཉེན་ཟོན་དམ་བསྒྲགས་ཀྱི་བཀའ་རྒྱ་མེད་པ་བཟོ་རྒྱུའི་གྲོས་ཆོད་གྲོས་གཞིར་གྲོས་འཆམ་བྱུང་བ་རེད། 

ཉིན་དེའི་ཐོ་རེངས་ཀྱི་ཅུང་སྔ་བའི་དུས་སུ། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་བརྙན་འཕྲིན་ཐད་གཏོང་བརྒྱུད་ནས། ཉེན་ཟོན་དཔུང་སྡེ་ཕྱིར་འཐེན་བྱས་པ་དང་། འཕྲལ་དུ་རྒྱལ་དོན་ཚོགས་འདུ་འཚོགས་ནས་ཉེན་ཟོན་དམ་བསྒྲགས་ཀྱི་བཀའ་རྒྱ་མེད་པ་བཟོ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 

ཚེས་གསུམ་ཉིན་གྱི་དགོང་མོ་དབྱིན་ཞི་ཡུའེ་ཡིས་ཧྲོའར་ལུང་ཧྲན་ཙུང་ཐུང་ལས་ཤག་ཏུ་ཛ་དྲག་གི་གཏམ་བཤད་སྤེལ་ནས་བབ་བསྟུན་ཉེན་ཟོན་དམ་བསྒྲགས་ཀྱི་བཀའ་རྒྱ་བཏང་ཞིང་། དབྱིན་ཞི་ཡུའེ་ཡིས་བྱ་སྤྱོད་དེ་ནི་བྱང་ཕྱོགས་ཕྱོགས་གཏོགས་རྩ་འཛུགས་གཙང་སེལ་བྱེད་པ་དང་རང་དབང་རྩ་ཁྲིམས་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་ཆེད་ཡིན་ཞེས་བཤད། ཚེས་བཞི་ཉིན་གྱི་ཐོ་རེངས་ཀྱི་ཅུང་སྔ་བའི་དུས་སུ། ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱིས་ཚོགས་འདུ་འཚོགས་ནས། ཉེན་ཟོན་དམ་བསྒྲགས་ཀྱི་བཀའ་རྒྱ་མེད་པ་བཟོ་རྒྱུའི་སྐོར་གྱི་གྲོས་ཆོད་གྲོས་གཞིར་གྲོས་འཆམ་བྱུང་བ་རེད། ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱི་འགོ་འཛིན་གྱིས། གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་སྦྲགས་བབ་བསྟུན་ཉེན་ཟོན་དམ་བསྒྲགས་ཀྱི་བཀའ་རྒྱ་མེད་པར་བཟོས་པ་རེད་ཅེས་བཤད།

ཡོང་ཁུངས། མི་དམངས་དྲ་བ།

神奇民间
你们好!
 最新文章