སྐད་འཕྲིན་ཐོག་འདི་བཙོངས་ན་ཁྲིམས་འགལ་རེད།

文摘   2025-01-04 19:42   西藏  

  ལོ་སར་སླེབས་ཉེར། སྐད་འཕྲིན་གྲོགས་ཚོམས་དང་སྐད་འཕྲིན་ཚོགས་པ་སྔར་བས་འཁྲུག་ཆ་དོད་པོ་ཡོད། ཉོ་ཆ་རྒྱག་མཁན་དང་སྒོ་མཆོར་ཤིས་ཚིག་འབྲི་མཁན་དང་། ད་དུང་ཤོག་སྦག་ཚོང་མཁན་སོགས་ཡོད། འོན་ཀྱང་། དྲན་སྐུལ་ཞུ་རྒྱུར། སྐད་འཕྲིན་གྲོགས་ཚོམས་སུ་ཤོག་སྦག་བཙོངས་ན་ཁྲིམས་འགལ་གྱི་དོགས་གནད་དུ་འགྱུར་ངེས་ཤིང་། དྲ་ཐོག་ནས་ཤོག་སྦག་ཉོ་ཚོང་བྱེད་མི་བཟུང་འདུག 

01


   ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ལིན་ཕིང་ཁུལ་ཡན་ལག་ཅུས་ཀྱིས་ལས་ཀ་བྱེད་རིང་ཁོངས་གཏོགས་ཁུལ་གྱི་ཞིང་ཁུལ་ཁང་པ་གཉིས་སུ་ཁྲིམས་འགལ་ཤོག་སྦག་ཉར་ཚགས་དང་ཤོག་སྦག་ཕྱིར་ཚོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་། ཞིང་ཁུལ་ཁང་པའི་མཐའ་འཁོར་དུ་གྲོང་མི་མི་ཉུང་བ་ཞིག་འཚོ་བཞིན་ཡོད་པ་དང་། ཁང་པའི་ནང་དུ་ཤོག་སྦག་འབོར་ཆེན་ཉར་ཚགས་བྱས་ཡོད་པ་མ་ཟད། མེ་གསོད་ཀྱི་བདེ་འཇགས་སྒྲིག་ཆས་གང་ཡང་མེད་པས། མེ་ཤོར་ཚེ་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཞིང་ཁུལ་ཁང་པ་གཉིས་སུ་ཤོག་སྦག་ཉར་ཚགས་དང་ཤོག་སྦག་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་གནས་ཚུལ་ནི་ཚོགས་པ་གཅིག་གིས་བྱས་པ་ཞིག་ཡིན་པ་དང་། དེའི་ནང་ཁུལ་གྱི་ལས་བགོས་ཁ་གསལ་ཡོད་དེ། ལ་ལས་ས་ཆ་གཞན་ནས་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་འགན་འཁུར་བ་དང་། ལ་ལས་དྲ་ཐོག་ནས་ཉོ་མཁན་བཀུགས་ནས་ཕྱིར་ཚོང་བྱེད་འགན་འཁུར་བ་དང་། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལ་བརྟེན་ནས་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་དྲ་ཐོག་ནས་ཤོག་སྦག་འཚོང་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་ཤེས་རྟོགས་མི་ཤེས་པར་བྱེད་ཆེད། ཚོགས་པ་དེས་ཆེད་མངགས་ཤོག་སྦག་འབོར་ཆེན་གྲོང་འདབས་ཀྱི་ཞིང་ཁུལ་སྡོད་ཁང་དུ་སྦས་ཏེ་ཉོ་མཁན་བྱུང་ན་སྒེར་གྱི་རླངས་འཁོར་བརྒྱུད་ནས་ཕྱིར་སྐྱེལ་ཉོ་ཚོང་བྱེད་བཞིན་ཡོད།

   ཟླ་12ཚེས་18ཉིན་གྱི་ཐོ་རེངས་སུ། ལིན་ཕིང་ཁུལ་སྤྱི་བདེ་ཡན་ལག་ཅུས་དང་ཧའེ་ཉིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་དུ་ཁྲིམས་འགལ་ཐོག་ནས་ཤོག་སྦག་ཉར་ཚགས་བྱེད་གནས་གཉིས་ལ་རྡུང་རྡེག་དང་ཕྱིར་བསྡུའི་བྱ་སྤྱོད་སྤེལ་ནས། ཉེས་གསོག་དོགས་ཡོད་མི་སྣ་གཙོ་བོ་3བཟུང་ནས་ཞུ་གཏུག་བྱས་པ་དང་ཚོང་ས་དེ་རང་དུ་ཤོག་སྦག་དང་ཤོག་སྦག་སྣ་ཚོགས་བླུགས་སྒམ་612བསྡུ་ལེན་བྱས་ནས། ཁྲིམས་འགལ་ཐོག་ནས་ཤོག་སྦག་ཕྱིར་ཚོང་བྱེད་རིགས་ཀྱི་དྲ་སྦྲེལ་གཏོར་བ་རེད། 

02


   ཉེ་ཆར། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་སྤྱི་བདེ་ཅུས་པའོ་ཧོ་ཡན་ལག་ཅུས་པིན་ཧུའུ་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཐེར་འདོན་འབྱོར་དོན་དུ། གྲོང་མི་ཐང་ཆེ་གེ་མོས་སྐད་འཕྲིན་ཚོགས་པའི་ནང་ཤོག་སྦག་ཕྱིར་ཚོང་བྱེད་པའི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཐང་ཆེ་གེ་མོས་སྡོད་ཁུལ་གྱི་སྡོད་དམངས་ཐོག་ཁང་དུ་ཤོག་སྦག་ཉར་ཚགས་བྱས་ནས་ཕྱིར་ཚོང་བྱས་པས། ཉེན་རྟོག་པས་ཁྲིམས་ལྟར་བཀག་ཉར་བྱས། ད་ལམ། ཐང་ཆེ་གེ་མོས་ཁྲིམས་འགལ་གྱི་ཉེན་ཁའི་དངོས་རྫས་གསོག་ཉར་བྱས་པས་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་དང་། གྱོད་གཞིར་བརྟག་དཔྱད་སྔར་ལས་ལྷག་པར་བྱེད་བཞིན་ཡོད།



དྲན་སྐུལ་གལ་ཆེན། 

   སྐད་འཕྲིན་གྲོགས་ཚོམས་སུ་ཤོག་སྦག་ཚོང་གཉེར་བྱས་ན་ཁྲིམས་འགལ་གྱི་དོགས་གཞིར་འགྱུར་ཅིང་།  ཕྱིར་ཚོང་བྱས་པའི་ཤོག་སྦག་དང་ཤོག་སྦག་ལ་སྐྱོན་ལྷག་ན་འཚོང་མཁན་དང་བརྒྱུད་བསྐུར་བྱེད་མཁན་ཚང་མས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།

神奇民间
你们好!
 最新文章