ལྷ་སའི་ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། རང་རྒྱལ་གྱི་གྲོང་ཁྱེར་ནང་ཁུལ་དུ་གནས་པའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་འདམ་ར་ཡིན་ལ། འདར་ར་འདི་ལ་ལྷ་སའི་གློ་བ་ཞེས་ཀྱང་འབོད་སྲོལ་ཡོད། ཉིན་ཤས་གོང་། ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་བསྡུས་བརྟག་དཔྱད་བྱེད་མཁན་གྱི་ཚན་ཞིབ་མི་སྣས་བརྟག་དཔྱད་བྱེད་སྐབས། འདམ་ར་འདིར་ཁྲུང་ཁྲུང་སྐེ་ནག་ཕ་མ་གཉིས་ཀྱིས་ཁྲུང་ཁྲུང་ཕྲུ་གུ་གཉིས་འཁྲིད་དེ་བག་ཕེབས་ངང་ཟས་ལ་རོལ་བཞིན་ཡོད་པ་མཐོང་འདུག
位于拉萨的拉鲁湿地是世界上海拔最高、国内面积最大的城市内陆天然湿地,被誉为“拉萨之肺”。这两天,正在拉鲁湿地展开生态健康综合调查的科考队员们惊喜地发现,湿地里来了一个黑颈鹤的“四口之家”,一对夫妻带着两只幼鹤,悠然觅食。
ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ལྷ་ས་གྲོང་ཁུལ་གྱི་ནུབ་བྱང་མཚམས་སུ་གནས་པ་དང་། སྲུང་སྐྱོང་ཁུལ་འདིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་༡༢.༢ཡོད་ལ། ཐེངས་འདིའི་བརྟག་དཔྱད་རྣམ་གྲངས་གཙོ་བོ་ནི་བྱ་རིགས་དང་། ཉ་རིགས། རྩི་ཤིང་། ཆུ་ནང་སྲོག་ཆགས། སྐྱེ་དངོས་ཕྲ་རབ། ས་རྒྱུ་སོགས་ཀྱི་ཐད་ཡིན་པར་མ་ཟད། འདམ་རའི་སྐྱེ་ཁམས་བདེ་ཐང་གི་གནས་ཚུལ་ལ་ཡང་ཕྱོགས་བསྡུས་ཐོག་བརྟག་དཔྱད་བྱས་པ་རེད། དགུན་དུས་བརྟག་དཔྱད་བྱེད་དོན་ནི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་གནས་སྤོ་བྱས་ནས་ལྷ་ས་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་དུ་དགུན་ཁ་སྐྱེལ་བར་སླེབས་ཡོང་དུས། བྱ་འདི་རིགས་ཀྱི་འཚོ་སྡོད་བྱེད་སའི་སྐྱེ་ཁམས་ཁོར་ཡུག་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་འཚོ་གནས་ཁུལ་ལ་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོར་བྱ་རྒྱུར་ཐབས་ཇུས་དང་དཔྱད་གཞི་མཁོ་འདོན་བྱ་ཆེད་ཡིན། ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པ་དང་། མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་གྱི་ཁྲུང་ཁྲུང་གི་རིགས་གཅིག་པུ་དེ་རེད། ད་ཆ། བོད་ན་དགུན་དུས་སྐྱེལ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཁྲི་༡.༡ལྷག་ཡོད་པ་དང་། དེས་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་གི་རིགས་ཁྱུའི་གྲངས་འབོར་གྱི་གསུམ་ཆ་གཉིས་ཙམ་ཟིན་ཡོད།
拉鲁湿地国家级自然保护区位于拉萨市区西北角,保护区面积12.2平方千米。此次调查项目主要是从鸟类、鱼类、植物、底栖动物、微生物和土壤等方面对湿地的生态健康状况进行综合评估。在冬季开展调查是利用黑颈鹤、斑头雁等候鸟在冬季迁飞回拉萨和雅鲁藏布江中游河谷的时机,深入了解候鸟的生境,为候鸟越冬栖息地的保护和生态修复提供决策参考。黑颈鹤是国家一级保护动物,是唯一一种生活在高原上的鹤类。目前,西藏越冬黑颈鹤种群数量超过1.1万只,约占全球黑颈鹤种群数量的三分之二。
来源 | 拉萨发布
译文 | 阳光西藏