2025ལོའི་ཟླ་1ཚེས་30ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ནག་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་སྟོད་ལུང་འབྲོག་མའི་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སར་ཞིབ་བཤེར་བྱེད་སྐབས། འཁོར་རྟགས་བོད་A7774Fདང་། བོད་EJ7811 བོད་ADG669བཅས་རླངས་འཁོར་ཆུང་གྲས་གསུམ་ནང་མི་ཚད་ལས་བརྒལ་ནས་བླུགས་ཡོད་པ་ཤེས་རྟོགས་བྱུང་བ་རེད།
འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཤེས་བྱ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་། འཕྲུལ་སྒུལ་འཁོར་རིགས་ནང་གཏན་འཁེལ་གྱི་མི་གྲངས་ལས་བརྒལ་ནས་མི་བླུགས་མི་ཆོག་པ་དང་། འགྲུལ་སྐྱེལ་རླངས་འཁོར་གྱིས་གཏན་འབེབས་ལས་བརྒལ་ནས་དངོས་ཟོག་བླུགས་མི་ཆོག དོན་ཚན་དགུ་བཅུ་པའི་ནང་། ཁ་ལོ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གི་འགྲོ་ལམ་འགྲོ་སྐྱོད་སྐོར་གྱི་གཏན་འབེབས་ལས་བརྒལ་ཚེ། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉི་ཤུ་ཡན་དང་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། བཅའ་ཁྲིམས་འདིའི་ནང་གཏན་འབེབས་ལོགས་སུ་བྱས་ཡོད་རིགས་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་ཡིན་པ་འཁོད་ཡོད།