དམག་འཁྲུག་འདིའི་ཁྲོད་མི་ཁྲི་4.5རྐྱེན་ལམ་དུ་ཤོར་འདུག

文摘   2024-12-18 18:35   西藏  

   ཕ་ལེ་སི་ཐན་ཀཱ་ཟ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་16ཉིན་གསལ་བསྒྲགས་སྤེལ་ནས། ན་ནིང་ཟླ་10པར་ཕ་དབྱིའི་གདོང་གཏུག་གསར་པ་བྱུང་བ་ནས་བཟུང་། ཀཱ་ཟ་ས་ཁུལ་དུ་དབྱི་སི་རལ་གྱིས་དམག་དོན་བྱ་སྤྱོད་སྤེལ་བའི་ཁྲོད་མི་45028ཤི་བ་དང་། མི་106962ལ་རྨས་ཕོག་པ་རེད་ཅེས་འཁོད་ཡོད།

   གསལ་བསྒྲགས་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་ནང་དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བའི་ཁྲོད་མི་52རྐྱེན་ལམ་དུ་ཤོར་བ་དང་། མི་203ལ་རྨས་ཕོག་པ་དང་ད་དུང་གནོད་འཚེ་ཕོག་མཁན་མང་པོ་ཞིག་རོའི་འོག་ལུས་ནས་རོགས་སྐྱོབ་མི་སྣ་ཉེ་སར་བཅར་ཐབས་མེད་ལུགས་གླེང་བ་རེད།

   ཕ་ལེ་སི་ཐན་གྱི་གསར་འགྱུར་ཁང་གིས་ཚེས་16ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་དམག་གིས་ཉིན་དེར་ཀཱ་ཟ་ས་ཁུལ་གྱི་བྱང་རྒྱུད་དང་དབུས་རྒྱུད་ས་ཁུལ་ལ་འབར་མདེལ་དབྱུགས་ནས་ཁྱོན་མི་8རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་ཕོག་ཡོད།

   དབྱི་དམག་གིས་དེར་ལན་བཏབ་མེད།

神奇民间
你们好!
 最新文章