ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་4ཉིན། ཁོ་ལོམ་པི་ཡའི་དུག་ཚོང་ཚོགས་པ་ཆེ་གྲས་མའེ་ཏེ་ལིན་ཁ་ཐེའར་ཚོགས་པ་དང་དེའི་གསར་གཏོད་པ་ཧྥ་པི་ཨའོ·ཨའོ་ཆའོ་ཡ·པ་སི་ཁེ་སི་ཨ་རིར་ཁྲིམས་ཆད་འཁུར་ནས་ལོ་26སོང་རྗེས་གློད་གྲོལ་ཐོབ་པ་དང་། ཁོ་ལོམ་པི་ཡར་ཕྱིར་ལོག་རྒྱུ་ཡིན་པ་རེད། ཨ་རིས་མཐར་སྐྲོད་འགྲོ་ལུགས་སྒྲུབ་འགོ་བརྩམས།
ཧྥ་པི་ཨའོ་ཨའོ་ཆའོ་ཡ་པ་སི་ཁི་སི་དང་ཁོའི་ཕུ་བོ་གཉིས་ཀྱིས་མཉམ་དུ་མའེ་ཏེ་ལིན་ཁ་ཐེར་ཚོགས་ཁག་བཙུགས། ཁོ་ལ་1997ལོ་ནས་1999ལོའི་བར་ཟླ་རེར་ཨ་རིར་ཁུ་ཁ་དབྱིན་ཏུན་30ཙམ་ལྐོག་འདྲེན་བྱས་པའི་སྐྱོན་འདོན་ཞུ་གཏུག་བྱས་པ་དང་། དུག་འགོག་ཅུས་ཁུངས་སྣེ་འདོན་མོ་ཞིག་བསད་ཡོད་པ་རེད།
ཧྥ་པི་ཨའོ·ཨོ་ཆའོ་ཡ་·པ་སི་ཁི་སི་1999ལོའི་ཟླ་10པར། ཁོ་ལོམ་པི་ཡའི་རྒྱལ་ཁབ་ཀྱི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་། 2001ལོའི་ཟླ་8པར་ཨ་རི་རུ་ཁྲིད་སྐྱེལ་བྱས་པ་རེད།