ད་ལོའི་དགུན་ཁའི་གུང་གསེང་གི་དུས་ཚོད་གཏན་འཁེལ་འདུག

文摘   2024-12-08 14:44   西藏  

    ཟླ་12པའི་ཚེས་5ཉིན། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས《2024ལོའི་དགུན་ཁའི་གུང་གསེང་དང་2025ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་འདུག 

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། 2024ལོའི་སློབ་གྲྭ་འབྲིང་ཆུང་གི་དགུན་ཁའི་གུང་གསེང་སླེབས་གྲབས་ཡོད་པས། སློབ་མ་ཚོར་བདེ་འཇགས་དང་། བདེ་ཐང་། སྤྲོ་སྣང་ལྡན་པ་བཅས་ཀྱི་གུང་གསེང་ཞིག་གཏོང་ཐུབ་པ་བྱ་ཆེད། གུང་གསེང་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས། 
    བརྡ་ཐོའི་ནང་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི(བུ་བཅོལ་ཁང་ཚུད་པ)དགུན་ཁའི་གུང་གསེང་འཇོག་པའི་དུས་ཚོད་ནི་2024ལོའི་ཟླ་12ཚེས་30ཉིན་ནས་2025ལོའི་ཟླ་3ཚེས་6ཉིན་བར་ཡིན་པ་དང་།  གནམ་གཤིས་ལ་བལྟས་ནས་བུ་བཅོལ་ཁང(དམངས་བཙུགས་ཚུད་པ)དང་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭས་གུང་གསེང་འོས་འཚམ་ངང་སྔོན་ལ་འཇོག་ཆོག  2025ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་དུས་ཚོད་ནི་ཟླ་3ཚེས་7ནས་9ཉིན་བར་ཡིན་པ་རེད། 

神奇民间
你们好!
 最新文章